ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

གནད་དོན་འདི་དག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

སྤེལ་དུས 2023-10-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཉེ་དུས། བོད་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ཁྲེང་ཀོན་ཆུས་བཅས་ཀྱི་རིམ་གསུམ་ལྟ་འདོམས་སྡེ་ཚན་གྱིས་མཉམ་དུ་བྱུག་རྫས་ལ་ཆེད་དོན་ཞིབ་བཤེར་བྱས་ཤིང་། སྐྲ་གཞར་ཁང་གཙོར་བྱས་ཏེ་ཁྱོན་ཡོངས་ལ་གྲལ་བཤེར་བྱས་པ་རེད།

       ཞིབ་བཤེར་བྱེད་པའི་རིང་ལ། ཚོང་པ་མི་ཉུང་བ་ཞིག་གིས་ཁྲིམས་ལྟར་གཉེར་སྐྱོང་བྱེད་ཀྱི་ཡོད་མོད། འོན་ཀྱང་སྐྲ་གཞར་ཁང་ཁག་ཅིག་ལ་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་སྔར་བཞིན་ཡོད་དེ།
       གཅིག དངོས་ཟོག་ནང་འདྲེན་ཞིབ་བཤེར་གྱི་ཟིན་ཐོ་མེད་པར་མ་ཟད། ཐོན་རྫས་བརྟག་དཔྱད་དང་ཞིབ་བཤེར་གྱི་སྙན་སེང་དང་། ལག་ཁྱེར། འཛིན་ཤོག་བཅས་ཀྱང་ཆ་མི་ཚང་བ།
       གཉིས། དམིགས་བསལ་བྱུག་རྫས་སོགས་ཐོན་རྫས11གིས་རྒྱལ་ཁབ་དམིགས་བསལ་བྱུག་རྫས་ཀྱི་སྲིད་འཛིན་ཆོག་འཐུས་མཆན་བཀོད་ཡིག་ཆ་དང་ཡིག་ཨང་སྟེ། རྒྱལ་བྱུག་དམིགས་ཨངG20191014འདི་ཐོན་རྫས་མང་པོར་སྤྱད་པས། “ཨང་གཅིག་སྤྱོད་མང”བྱས་ཡོད་པ།
       གནད་དོན་ཡོད་པའི་བྱུག་རྫས་འཚོང་མཁན་ཚན་པར་དམིགས་ནས། ཁྲིམས་བསྟར་བས་སྤྱོད་མཚམས་འཇོག་པའི་བཀའ་བཏང་བར་མ་ཟད། “ཨང་གཅིག་སྤྱོད་མང”གི་འབྲེལ་ཡོད་ནང་དོན་དང《བྱུག་རྫས་ལྟ་འདོམས་སྲོལ་ཡིག》སོགས་བདེ་འཇགས་དོ་དམ་གྱི་ཤེས་བྱ་འགྲེལ་བཤད་བརྒྱབ་སྟེ། ཁེ་ལས་ཁག་ལ་ཕྱོགས་ཡོངས་ནས་རང་བཤེར་རང་བཅོས་བྱེད་དུ་འཇུག་པ་དང་། བྱེད་པོའི་འགན་འཁྲི་དོན་འཁྱོལ་གྱིས་གཉེར་སྐྱོང་ཚད་ལྡན་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
       མིག་སྔར། གནད་དོན་ཡོད་པའི་ཚན་པ་དག་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ལ་ཞིབ་བཤེར་ཐག་གཅོད་བྱེད་པར་རྩིས་སྤྲད་ཟིན།
རྩོམ་སྒྲིག་པ། སྣང་རྡོར།