ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་དུ་ས་ཡོམ་རིམ་པ4.4བརྒྱབ་འདུག

སྤེལ་དུས 2023-10-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཀྲུང་གོ་ས་ཡོམ་ལས་ཁུངས་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ10པའི་ཚེས23ཉིན་གྱི་ཆུ་ཚོད16དང་སྐར་མ43ཙམ་ལ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་དུ་ས་ཡོམ་རིམ་པ4.4བརྒྱབ་པ་དང་། ས་ཡོམ་འབྱུང་གནས་ཀྱི་གཏིང་ཚད་སྤྱི་ལེ8ཟིན་པ། ས་ཡོམ་གྱི་ལྟེ་བ་འཕྲེད་ཐིག་བྱང་མའི་ཏུའུ31.51དང་ཤར་གྱི་གཞུང་ཐིག་ཏུའུ88.26ཏུ་གནས་ཡོད།

       
ཉེ་འགྲམ་གྱི་གྲོང་ཚོ་དང་གྲོང་རྡལ།
       ད་ཐེངས་ས་ཡོམ་བརྒྱབ་སའི་ཉེ་འཁོར་གྱི་སྤྱི་ལེ5ཡི་ནང་ཚུན་གྱི་གྲོང་ཚོ་ནང་མར་མོ་ལུང་པ་དང་། མར་མོ་ལྷས། ཁྲ་བོ་རིང་མོ། སྟེང་རི། བོང་ལར་ཡོས། སྤང་ལེགས་ཤིས་རྫོང་། རྩེ་འོག་སུང་ཁྲི་བཅས་ཡོད་པ་དང་། སྤྱི་ལེ20ཡི་ནང་ཚུན་གྱི་ཞང་དང་གྲོང་རྡལ་ནང་མར་ཡོ་ཞང་ཡོད།

       ཉེ་འགྲམ་གྱི་རྫོང་གྲོང་།
       ས་ཡོམ་གྱི་ལྟེ་བ་ཤན་རྩ་རྫོང་དང་བར་ཐག་སྤྱི་ལེ77དང་། ཉི་མ་རྫོང་དང་བར་ཐག་སྤྱི་ལེ102 དཔལ་མགོན་རྫོང་དང་བར་ཐག་སྤྱི་ལེ167 མཚེའུ་གཉིས་རྫོང་དང་བར་ཐག་སྤྱི་ལེ195 རྣམ་གླིང་རྫོང་དང་བར་ཐག་སྤྱི་ལེ219 གཞིས་རྩེ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ257 ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ343བཅས་ཡོད།

       ས་ཡོམ་ལྟེ་བའི་ས་དབྱིབས།
       ས་ཡོམ་ལྟེ་བའི་སྤྱི་ལེ5ཡི་ཁྱབ་ཁོངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི5380ཟིན་གྱི་ཡོད།
 
ལོ་རྒྱུས་ཐོག་བརྒྱབ་པའི་ས་ཡོམ།
       ཀྲུང་གོ་ས་ཡོམ་ལས་ཁུངས་དྲ་བའི་མྱུར་སྤེལ་དཀར་ཆག་ལ་གཞིགས་ན། ས་ཡོམ་ལྟེ་བའི་ཉེ་འཁོར་གྱི་སྤྱི་ལེ200ཡི་ནང་ཚུན་དུ་ལོ5ཡི་ནང་རིམ་པ3ཡན་གྱི་ས་ཡོམ་ཐེངས47བརྒྱབ་པ་དང་། ས་ཡོམ་ཆེ་ཤོས་ནི2020ལོའི་ཟླ7པའི་ཚེས23ཉིན་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དུ་བརྒྱབ་པའི་ས་ཡོམ་རིམ་པ6.6(ད་ཐེངས་ཀྱི་ས་ཡོམ་ལྟེ་བ་དང་བར་ཐག་སྤྱི་ལེ32ཡོད་པ)དེ་ཡིན་པ་དང་ལོ་རྒྱུས་ཐོག་བརྒྱབ་པའི་ས་ཡོམ་གྱི་ཁྱབ་ཚུལ་དཔེ་རིས་གཤམ་གསལ།

རྩོམ་སྒྲིག་པ། སྣང་རྡོར།