ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ཧྥུའུ་ཅན་དམག་གྲུའི་པར་གསར་ཤོས།

སྤེལ་དུས 2024-02-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
              ད་ལོའི་ཟླ་དང་པོའི་ཚེས2ཉིན་ཁྱབ་བསྒྲགས་བྱས་པའི་ཧྥུའུ་ཅན་དམག་གྲུ་གསར་ཤོས་དེ་དྲན་བྱུང་ངམ། སྐབས་དེ་དུས། གནམ་ཐང་གྲུ་གཟིངས་ཧྥུའུ་ཅན་དམག་གྲུའི་མདུན་ངོས་ཀྱི་འདྲ་པར་ལ་རྫིག་ཉམས་ཀྱིས་ཁེངས་ཡོད། ད་ལྟ་ཧྥུའུ་ཅན་དམག་གྲུའི“གཞོགས་ངོས་ཀྱི་འདྲ་པར”ཡང་ཐོན་ཡོད།

              ཧྥུའུ་ཅན་དམག་གྲུའི་གྲུ་གཟིངས་ཨང18པ་ནི་རང་རྒྱལ་གྱི་གནམ་ཐང་གྲུ་གཟིངས་གསུམ་པ་ཡིན་ལ་རང་རྒྱལ་གྱིས་རྦད་དེ་རང་བརྟེན་ཇུས་འགོད་བྱས་ནས་བཟོས་པའི་འཕེན་གཏོང་རྣམ་པའི་གནམ་ཐང་གྲུ་གཟིངས་ཐོག་མ་དེའང་རེད། གྲུ་གཟིངས་དེར་གློག་སྡུད་མདེལ་ལམ་དང་བཀག་འགོག་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་པ་དང་། ཆུ་ཕྱིར་གཏོང་ཚད་ཏུན་ཁྲི8ལྷག་ཙམ་ཟིན་པ། 2022ལོའི་ཟླ6པར་ཆུ་ནང་དུ་སྐྱོད་ཐུབ་ཡོད།

              ན་ནིང་ཟླ11པའི་ཚེས30ཉིན། རྒྱལ་སྲུང་པུའུ་གསར་འགྱུར་མགྲིན་ཚབ་པ་ཝུའུ་ཆན་ཏཱ་ཞའོ་ཡིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་རང་རྒྱལ་གྱི་གནམ་ཐང་གྲུ་གཟིངས་གསུམ་པ་ཧྥུའུ་ཅན་དམག་གྲུ་མིག་སྔར་གྲུ་གཟིངས་བཀག་ནས་ཚོད་ལྟ་བྱེད་བཞིན་ཡོད་པ་དང་། རྗེས་སུ་འཆར་གཞི་ལྟར་འཛུགས་སྐྲུན་རྣམ་གྲངས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། 
              དྲ་གྲོགས་ཚོས་ཕྱོགས་གང་ནས་བལྟས་ཀྱང་ཧྥུའུ་ཅན་དམག་གྲུ་དངོས་གནས་རྫིག་པོ་འདུག་ཅེས་བཤད་པ་རེད།