ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

《དཔྱིད་གསར་ལ་གཞི་རིམ་དུ་སྐྱོད》པ་སྟེ། བོད་གདན་སྟེང་གི་འབྲུག་རིས།

སྤེལ་དུས 2024-02-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི“དཔྱིད་གསར་ལ་གཞི་རིམ་དུ་སྐྱོད”ཅེས་པའི་མཚོ་བོད་ལམ་བུའི་བཅར་འདྲི་ཚོགས་ཆུང་གིས་མཚོ་སྔོན་ཟི་ལིང་ནས་སྐྱོད་པའི་ལམ་བར་དུ་མིག་ལ་མཛེས་པའི་བོད་གདན་འབྲུག་རིས་ཅན་མང་པོ་མཐོང་བྱུང་། ཀུན་གྱིས་ཤེས་གསལ་ལྟར། འབྲུག་ནི་གནའ་སྔ་མོ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་མཚོན་རྟགས་སུ་གྱུར་ཡོད་ཅིང་།  “འབྲུག་རིས”དང“འབྲུག་གི་ཆ”ལྡན་པའི་ཅ་དངོས་ནི་ཆེ་ས་ནས་ཀྲུང་གོ་བའི་ཟས་གོས་འགྲོ་འདུག་ནང་དུ་འདུས་ཡོད་ཅིང་། ཆུང་ས་ནས་སྐད་ཆ་ཤོད་རེས་དང་མི་དང་མིའི་འབྲེལ་འདྲིས་སོགས་ཕྱོགས་སོ་སོར་ཁྱབ་ཡོད་པ་རེད། མི་རབས་ནས་མི་རབས་བར་མཚོ་བོད་མཐོ་སྒང་དུ་འཚོ་གཞེས་གནང་པའི་མི་རྣམས་ལ་མཚོན་ན། འབྲུག་གི་མཚོན་ཆོས་ལ་དད་གུས་བྱེད་པ་དེ་སྔར་ནས་བཟུང་རང་སོ་སོའི་ཐོན་སྐྱེད་དང་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པ་རེད།           
      དམངས་སྲོལ་མཁས་ཅན་ཤེ་ཙུའོ་ཡིས་ངེད་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ང་ཚོར་ལ་ཆའང་བོད་རིག་གནས་ཁྲོད་དུ“འབྲུག”ལ་གོ་བ་ཇི་ལྟར་ལེན་སྟངས་གསལ་བཤད་གནང་བྱུང་ལ། ཁོང་གིས་གསར་འགོད་པར“ཆའང་བོད་རིག་གནས་ཁྲོད་ཀྱི་འབྲུག་ནི་རི་ཆུ་དང་འབྲེལ་ཞིང་། ཞིབ་ཆའི་མཚོན་ཚུལ་ནི། ཆང་རག་འཐུང་དུས་ལྷ་ཀླུ་གཉན་གསུམ་དག་ལ་གསོལ་ནས་མངོན་ཞིང་། འདི་ནི་རང་རྒྱལ་གྱི་མི་རིགས་གཞན་དག་གིས་འབྲུག་ལ་གོ་བ་ལེན་ཚུལ་དང་འདྲ་བ་རེད། དཔེར་ན། གནའ་མིས་ཁུ་ནུ་རི་བོ་ནི་ཀྲུང་ཧྭ་ཡི་འབྲུག་གི་མེས་པོ”ཡིན་པ་སོགས་ཀྱི་ཤོད་སྲོལ་དང་འདྲ་པོ་ཡོད”ཅེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུ་གནམ་ནས་གློག་འཁྱུག་ནས་འབྲུག་སྒྲ་ལྡིར་བ་ནི་འབྲུག་གི་སྐད་སྒྲ་སྒྲོག་པར་ངོས་འཛིན་གྱི་ཡོད། དེ་ཡང་མི་རིགས་གཞན་དག་གིས་ལྷ་འབྲུག་དེ་ནི“གློག་འཁྱུག་འབྲུག་སྒྲ་དང་ཆར་ཆུ་དང་སེར་བ་འབེབས་པར”ཆེད་མངགས་དོ་དམ་བྱེད་མཁན་ཞིག་ལ་ངོས་འཛིན་པ་དང་ཕལ་ཆེར་འདྲ། འདི་འདྲའི་འདྲ་ཆེ་བའི་འབྲུག་གི་རིག་གནས་ཀྱིས་མི་རིགས་ཁག་དབར་གྱི་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཤིག་ཕྱིར་མངོན་བཞིན་ཡོད།
      འབྲུག་ནི་མཛེས་སྡུག་དང་། ཡར་རྒྱས།  འབྱོར་ཕྱུག  དཔའ་ངར་བཅས་ཀྱི་མཚོན་རྟགས་ཡིན་པས། འབྲུག་གི་རིག་གནས་ནི་ང་ཚོའི་འཚོ་བའི་ཕྱོགས་སོ་སོར་ཁྱབ་ཡོད་ཅེས་བརྗོད་ཆོག བོད་གདན་སྟེང་གི་འབྲུག་རིས་དེ་དག་ཀྱང་དེ་དང་འདྲ་སྟེ། མཛེས་དཔྱོད་ཀྱི་འཚོལ་སྙེག་ཅིག་ཡིན་པ་མ་ཟད།  གུས་སྐྲག་དང་མཛེས་སྡུག་ལ་གཞོལ་བའི་རེ་སྨོན་ཞིག་ཀྱང་ཡོད་པ་རེད།
      ཤེས་རྟོགས་བྱུང་བར་གཞིགས་ན། བོད་གདན་ནི་ཏ་གཟིག་གི་ས་གདན་དང་ཤར་ཕྱོགས་ཀྱི་སྒྱུ་རྩལ་གདན་དང་འདྲ་བར་མིང་གྲགས་ཆེ་བར་མ་ཟད། འཛམ་གླིང་གི་གྲགས་ཅན་ས་གདན་གསུམ་ཞེས་ཀྱང་བརྗོད་ཀྱི་ཡོད། སྔར་ནས་བཟུང་བོད་གདན་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཐག་རྩལ་དང་མཛེས་སྡུག་ལྡན་པའི་རི་མོར་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ས་གནས་དེ་གའི་ཚོང་པས་གསར་འགོད་པར“བོད་གདན་གྱི་རིན་གོང་ནི་སྒོར་བརྒྱ་ཕྲག་ནས་སྒོར་ཁྲི་ཡན་བར་མི་འདྲ་བ་ཡོད་ཅིང་། སྤུས་ཀ་དག་ཙམ་ཡོད་པ་དེ་དག་ལ་བེད་སྤྱོད་ཀྱི་རིན་ཐང་ལྡན་པ་མ་ཟད། ད་དུང་ཉར་ཚགས་ཀྱི་རིན་ཐང་ཡང་ངེས་ཅན་ལྡན། ཐོན་ཡུལ་གཙོ་བོ་ནི་བོད་ལྗོངས་དང་། མཚོ་སྔོན། པེ་ཅིང་། ཉིང་ཞ། ཧྲན་ཏུང་སོགས་རེད”ཅེས་བཤད་བྱུང་།
      བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ཁུལ་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་འདུག་སྐབས། ཁྱིམ་དུད་ཚང་མར་འབྲུག་རིས་བཀོད་པའི་བོད་ལུགས་ཁ་གདན་དང་། ས་གདན། རྒྱབ་བསྙེས། འབོལ་གདན། འགེལ་གདན། སྒ་རུམ་སོགས་གང་ས་གང་དུ་མཐོང་རྒྱུ་ཡོད། མིག་གི་ཚོར་བ་རྣོན་པོ་ཅན་ཚོས་ཀྱང་བོད་གདན་དེ་དག་གི་སྟེང་དུ་འབྲུག་རིས་མཐོང་ཐུབ་པར་མ་ཟད། ད་དུང་བོད་ལུགས་ཀྱི་སྤྲིན་རིས་དང་། བྱུ་རུའི་སྡོང་པོ། ལྷ་བྱ་ཁྲུང་ཁྲུང་སོགས་མཛེས་སྡུག་ལྡན་པའི་རི་མོ་ཡང་མཐོང་ཐུབ་ལ། རྒྱུན་དུ་མཐོང་བ་ལ་བྱ་འབྲུག་ཁ་སྤྲོད་དང་། འབྲུག་གཉིས་ནོར་ལ་རྩེན་པ།  ཁྱུང་འབྲུག འབྲུག་གཉིས་ཀྱིས་ཁྱུང་དེད་པ། ཀ་བ་འབྲུག་འཁྱུད་མ། སྤྲིན་བཟང་འབྲུག་རིས། སྤྲིན་པར་བཞོན་ནས་ལྡིང་བ་ལ་སོགས་ཡོད།
      བོད་གདན་སྤུས་དག་རེ་རེ་ལས་བོད་མི་རིགས་ཀྱི་མཛེས་དཔྱོད་ཀྱི་དགའ་ཕྱོགས་མཚོན་ལ། ཀྲུང་ཧྭ་བུ་ཕྲུག་གིས་འབྲུག་ལ་བཅངས་པའི་བརྩེ་བ་ཟབ་མོ་དེའང་མཚོན་ཡོད།

བྱ་འབྲུག་ཁ་སྤྲོད་ཀྱི་བོད་གདན། 

གཏོར་གཟུགས་རྒྱབ་བསྙེས་སྟེང་གི་འབྲུག་རིས་སྡེར་བཞི་མ།
བོད་གདན་སྟེང་གི་བྱ་འབྲུག་ཁ་སྤྲོད། 
འབྲུག་རིས་སྡེར་བཞི་མ་ཁ་ཤས་བཀོད་པའི་བོད་གདན། 
བོད་བཟོའི་རྒྱབ་བསྙེས་སྟེང་གི་སྤྲིན་པར་བཞོན་ནས་ལྡིང་བའི་འབྲུག་རིས། 
བོད་གདན་སྟེང་གི་བྱ་ཟུང་འབྲུག་ཟུང་ཁ་སྤྲོད།
བོད་གདན་སྟེང་གི་འབྲུག་རིས་འཁྱིལ་མ་དང་འབྲུག་ཟུང་ནོར་ལ་རྩེན་པ། 
བོད་གདན་སྟེང་གི་འབྲུག་རིས་སྡེར་བཞི་མ་གསུམ།
འབོལ་གདན་གྲུ་བཞིའི་སྟེང་གི་འབྲུག་རིས་སྡེར་བཞི་མ།
བོད་གདན་སྟེང་གི་འབྲུག་རིས་ཁག་གཅིག
རྩོམ་སྒྲིག་པ། སྣང་མཛོད་རྡོ་རྗེ།