ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > ཚ་ཤོས།

བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།

སྤེལ་དུས 2017-08-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།

          ཟླ་8ཚེས་21ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་སྤེལ། 

          བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་བཙུགས་པའི་བོད་ཡིག་དཔེ་མཛོད་ཀྱི་ཐོན་ཁུངས་ཆ་འཕྲིན་བསྡུ་རུབ་དང་གསོག་ཉར་བྱེད་པའི་ལྟེ་གནས་ཡིན། དམིགས་ཡུལ་ནི་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བ། ཚན་རིག་ཞིབ་འཇུག་ལ་ཆ་འཕྲིན་གྱི་ཐོན་ཁུངས་མཁོ་འདོན་བྱས་ཏེ། རིམ་གྱིས་རང་རྒྱལ་གྱི་ཆེས་ཆེ་བ་དང་དབང་རྟོན་ཆེ་བའི་བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་སུ་བསྒྱུར་རྒྱུ་རེད།

          བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་མཛོད་ཁང་དུ་ཉར་ཚགས་བགྱིས་པའི་དཔེ་ཆ་དང་འཚོལ་ཀློག་མ་ལག་ལ་རྟེན་གཞི་བྱས་ཏེ་གཞི་གྲངས་མཛོད་འཛུགས་རྒྱུ་དང་། བོད་ཡིག་དཔེ་མཛོད་ཡིག་ཆ་ཉར་ཚགས་དང་སྲུང་སྐྱོབ་གཞི་གྲངས་མཛོད་འཛུགས་སྐྲུན་དང་། རིམ་གྱིས་འཐུས་སྒོ་ཚང་བའི་དེང་རབས་ཅན་དང་ཆུ་ཚད་མཐོ་བའི་བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་སུ་གསོག་འཇོག་དང་སྲུང་སྐྱོབ། འཚོལ་ཀློག བཀོལ་སྤྱོད་མ་ལག་བཅས་འཛུགས་རྒྱུ་རེད།

          བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་ཀྱི་ཐོག་མའི་དུས་རིམ་གྱི་ལས་འགན་གཙོ་བོ་ནི་བོད་ཡིག་གནའ་དཔེའི་ཐོན་ཁུངས་འཚོལ་བསྡུ་བྱ་རྒྱུ་ཡིན། མིག་སྔར་པེ་ཅིན་དང་བོད་རང་སྐྱོང་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན་བོད་རིགས་ས་ཁུལ་གྱི་བོད་ཡིག་གནའ་དཔེ་པོད་40000ལྷག་བསྡུ་རབ་གནང་ཡོད།

          དབུ་བརྙེས་པའི་མཛད་སྒོའི་སྟེང་ཀྲུང་དབྱང་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་སྲི་ཐར་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཨན་ཆིས་ཧྲན་གཉིས་ཀྱིས་ལྟེ་གནས་ཀྱི་སྒོ་བྱང་གི་རས་ཡོལ་ཕྱེ་བ།
          ཤེས་རྟོགས་བྱུང་བ་ལྟར་ན། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་ཀྱིས་བོད་ཡིག་གནའ་དཔེ་ཐོན་ཁུངས་བསྡུ་རུབ་དང་ལེགས་སྒྲིག་བྱས་པའི་རྨང་གཞིའི་སྟེང་། མུ་མཐུད་དུ་ཉེ་རབས་དང་དེང་རབས་ཀྱི་བོད་ཡིག་དཔེ་ཆའི་ཐོན་ཁུངས་བསྡུ་རུབ་དང་ལེགས་སྒྲིག་བྱ་འཆར་ཡོད།