ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་དབུ་ཚོགས་སྐབས་བདུན་པར་བརྙན་ལམ་ནས་ཤིས་ཚིག་གསུངས་པ།

སྤེལ་དུས 2023-01-27 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

             འདི་ནི་ཟླ1ཚེས24ཉིན། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་དབུ་ཚོགས་སྐབས་བདུན་པ་ཨ་ཀེན་ཐིན་གྱི་རྒྱལ་ས་པུ་དབྱི་ནོ་སི་ཨེ་རི་སིར་འཚོགས་ཤིང་། ལ་ཏིང་མེ་གླིང་གཅིག་མཐུན་འདུས་གྲུབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སིའི་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་ལ་བརྙན་ལམ་ནས་ཤིས་ཚིག་གསུངས་པ།
             ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ1ཚེས25ཉིན་གློག་འཕྲིན་འབྱོར་གསལ། ཟླ1ཚེས24ཉིན། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་དབུ་ཚོགས་སྐབས་བདུན་པ་ཨ་ཀེན་ཐིན་གྱི་རྒྱལ་ས་པུ་དབྱི་ནོ་སི་ཨེ་རི་སིར་འཚོགས་ཤིང་། ལ་ཏིང་མེ་གླིང་གཅིག་མཐུན་འདུས་གྲུབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སིའི་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་ལ་བརྙན་ལམ་ནས་ཤིས་ཚིག་གསུངས་པ་རེད།
             ཞི་ཅིན་ཕིང་གིས་བསྟན་དོན། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་མཁན་དང་ལེགས་སྐྱེས་འབུལ་མཁན་ཞིག་ཀྱང་ཡིན་ཞིང་། ལ་ཏིང་མེ་གླིང་གི་གཅིག་མཐུན་འདུས་གྲུབ་ནི་གོ་ལ་ཧྲིལ་པོའི་ལྷོ་ལྷོ་མཉམ་ལས་ཀྱི་མེད་དུ་མི་རུང་བའི་སྐུལ་འདེད་ཀྱི་སྟོབས་ཤུགས་ཤིག་ཏུ་གྱུར་ནས། ས་ཁུལ་གྱི་ཞི་བདེ་སྲུང་སྐྱོང་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད། ས་ཁོངས་གཞི་གཅིག་ཅན་ལ་སྐུལ་འདེད་བཅས་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད།
             ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་ས་ཁུལ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་དང་། ལ་ཏིང་མེ་གླིང་གི་གཅིག་མཐུན་འདུས་གྲུབ་དང་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཧ་ཅང་ཆེན་པོ་བྱས་ནས། ལ་ཏིང་མེ་གླིང་གི་གཅིག་མཐུན་འདུས་གྲུབ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་ལྷོ་ལྷོ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རོགས་ཟླ་གལ་ཆེན་ཞིག་ལ་བརྩི་གི་ཡོད། ཐོག་མའི་བསམ་འདུན་འདི་འདྲར་བརྟེན་ནས་ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་འདྲ་མཉམ་དང་། གཉིས་ཕན། གསར་གཏོད། སྒོ་དབྱེ། དམངས་ཕན་བཅས་ཀྱི་དུས་རབས་གསར་པར་སླེབས་པར་སྐུལ་འདེད་གཏོང་གི་ཡོད། ས་ཁུལ་དང་རྒྱལ་ཁབ་དེ་བས་མང་པོས་ཀྲུང་གོ་དང་མཉམ་ལས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོན་པོས་མཉམ་དུ་བསྐྲུན་པར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོར་རྒྱབ་སྐྱོར་དང་དེའི་ནང་ཞུགས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་བཞིན་ཡོད།
             ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས། འཛམ་གླིང་འདི་ཉིད་གཡོ་འགུལ་ཆེ་བ་དང་འགྱུར་ལྡོག་འགྲོ་བའི་དུས་སྐབས་སུ་སླེབས་ཡོད་པས། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཚེ་གཞི་ནས་འགྲན་སློང་མཉམ་དུ་བསུ་བ་དང་དུས་ངལ་མཉམ་སེལ་བྱེད་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་དང་མཉམ་དུ་ཕན་ཚུན་ལྟ་སྐྱོང་དང་མཉམ་དུ་མདུན་སྐྱོད་ཀྱིས་ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་འདོད་ཡོད།