ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

《དམག་མིའི་བྱས་རྗེས་གཟེངས་བསྟོད་དོ་དམ་གཏན་འབེབས》ཡོངས་བསྒྲགས་བྱས་པ།

སྤེལ་དུས 2023-01-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་གནང་ནས། 《དམག་མིའི་བྱས་རྗེས་གཟེངས་བསྟོད་དོ་དམ་གཏན་འབེབས》ཡོངས་བསྒྲགས་གནང་བ་དང་། 2023ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་ཡོད་པ་རེད།
             《གཏན་འབེབས》ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་བྱེད་པ། དམག་དོན་སྲིད་ཇུས་དང་ལམ་ལུགས་སྒྱུར་བཅོས་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། དམག་གྲབས་དམག་རྒྱག་གི་ལས་དོན་གཙོ་བོར་དམིགས་པ་བཅས་ཀྱི་ཐོག་ནས་དམག་དཔུང་གི་བྱས་རྗེས་ཀྱི་གཟི་བརྗིད་གཟེངས་བསྟོད་ལམ་ལུགས་མ་ལག་ནང་མཉམ་འདྲེས་བྱས་ཏེ། ལོ་རྒྱུས་རྒྱུན་འཛིན་དང་གསར་གཏོད་གོང་འཕེལ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། ཁྱད་ཆོས་རྒྱུན་འཁྱོངས་དང་བསྡུ་ལེན་དཔྱད་གཞིར་འཛིན་རྒྱུ་གཉིས་ཟུང་འབྲེལ་བྱས་ཐོག ནང་དོན་ཕུན་སུམ་ཚོགས་པ་དང་། ཁྱད་ཆོས་མངོན་གསལ་དོད་པ། སྟོན་ཕྱོགས་ཁ་གསལ་བ། བྱས་རྗེས་མངོན་པ་བཅས་ཀྱི་དམག་མིའི་བྱས་རྗེས་གཟེངས་བསྟོད་དོ་དམ་མ་ལག་ཁྱོན་ཡོངས་ནས་བཏོད་ནས། དམག་དོན་ལས་རིགས་ཀྱི་ཡིད་དབང་འགུག་ཤུགས་དང་དམག་མིའི་ལས་འགན་སྒྲུབ་སེམས་དང་གཟི་བརྗིད་བསམ་པ་སྔར་བས་ཆེ་རུ་གཏོང་བ་དང་། གཟི་བརྗིད་ལ་གཅེས་འཛིན་དང་དཔའ་བོར་དད་ཞེན། གདོང་ལེན་བརྩོན་ལེན་བཅས་ཀྱི་གནས་བབ་བཟང་པོ་གཏོད་དགོས་ཞེས་བསྟན་ཡོད།
             《གཏན་འབེབས》ནི་རང་དམག་གི་དམག་མིའི་བྱས་རྗེས་གཟེངས་བསྟོད་དོ་དམ་ལས་དོན་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ཚད་ལྡན་དུ་གཏོང་བའི་ཁྲིམས་སྲོལ་ཡིག་ཆ་གལ་ཆེན་ཐོག་མ་དེ་ཡིན། རྩ་བའི་བརྩི་སྲུང་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཐོག བྱས་རྗེས་དང་གཟི་བརྗིད་མཚན་སྙན་གྱི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་པ་གལ་ཆེན་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་ནས། བྱས་རྗེས་གཟེངས་བསྟོད་ལམ་ལུགས་འཛུགས་སྐྱོང་གི་རྩ་བའི་མཛུབ་ཁྲིད་དམ་འཛིན་ཡག་པོ་བྱེད་པ་དང་། དམག་འཐབ་ཀྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱེད་པ། བྲང་རྟགས་ཇུས་འགོད་བྱེད་པ་དང་། བྲང་རྟགས་འདོགས་པའི་གོ་རིམ། བྲང་རྟགས་འདོགས་པའི་གྲངས་འབོར་སོགས་ཕྱོགས་ཁག་ཐད་དམག་འཐབ་ཀྱི་དུས་མཚམས་མངོན་གསལ་དོད་པོ་མངོན་པ་དང་། བྱས་རྗེས་མངོན་གསལ་དོད་པོ་མངོན་པ། དམག་འཐབ་ལ་སྐུལ་མ་གཏོང་རྒྱུར་སྣང་ཆེན། དམག་འཐབ་དང་ལས་འགན་གལ་ཆེན་སྒྲུབ་པ། དཀའ་ཚེགས་ཆེ་བའི་ས་ཁུལ་དུ་དམག་ཞབས་ཞུ་བ་སོགས་ཀྱི་དམིགས་བསལ་ཉམས་མྱོང་དང་མཚན་སྙན་གཙོ་གནད་ཐོག་མངོན་པ། མ་ལག་ཇུས་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། རྣམ་གྲངས་འཛུགས་རྒྱུ་དེ་དམག་ཡོངས་ཀྱི་ཐུན་མོང་དང་དམག་རིགས་ཀྱི་ཁྱད་ཆོས་ལ་ལྟ་རྟོག་བྱེད་པ། ནང་དོན་བཀོད་སྒྲིག་བྱ་རྒྱུ་དེ་བྱས་རྗེས་མཚན་སྙན་དང་གཟེངས་བསྟོད་དང་ལས་གནས་ལེགས་སྐྱེས་དང་དམག་ཞབས་ཞུ་རིང་ལེགས་སྐྱེས་ཕུལ་བ་རྣམས་ལ་ཁྱབ་པ། བཟོ་དབྱིབས་ལས་ཚོན་མདོག་སྡེབ་སྒྲིག་དང་། མཐུན་སྦྱོར། མཛེས་ཆོས་བཅས་ལ་སྣང་ཆེན་བྱེད་པ། ཁྱོན་ཡོངས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་མངོན་པ། དཔོན་དམག་གཅིག་མཐུན་རྒྱུན་འཁྱོངས་བྱེད་པ། དམག་དཔོན་དང་དམག་མི་དཀྱུས་མ་ཡིན་ནའང་འདྲ། ཡང་ན་གོ་གནས་མཐོ་དམན་གང་ཡིན་ལ་མ་བལྟོས་པར་ཚང་མར་གཟི་བརྗིད་མཚན་སྙན་ག་ཚོད་ཐོབ་མིན་དང་དམག་ཞབས་ཞུ་རིང་ལེགས་སྐྱེས་ག་ཚོད་འབུལ་མིན་ལ་བལྟས་ནས་བྲང་རྟགས་སྤྲོད་དགོས་པ་དང་བྱས་རྗེས་གཟེངས་རྟགས་ཀྱི་སྟར་པའི་གྲངས་དང་གྲངས་འབོར་གཏན་འཁེལ་བྱེད་པ་དང་གཟི་བརྗིད་མཚན་སྙན་མདུན་དུ་དཔོན་དམག་ཚང་མ་འདྲ་མཉམ་ཡིན་པ་གང་ལེགས་མཚོན་པ། རྒྱུན་འཛིན་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། རང་དམག་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པར་དོ་སྣང་བྱེད་པ་དང་། རང་དམག་གི་བྱས་རྗེས་གཟེངས་རྟགས་སྤྲོད་པའི་ལམ་ལུགས་ཀྱི་ཕན་ལྡན་ཉམས་མྱོང་བསྡུ་ལེན་བྱས་ཏེ། རང་དམག་གི་གསར་བརྗེའི་གཞི་རྒྱུ་འབོར་ཆེན་བེད་སྤྱོད་བྱ་དགོས་ལ། ཡང་དུས་བབ་གསར་པ་དང་ལས་འགན་གསར་པ་གསར་གཏོད་དང་གོང་འཕེལ་གཏོང་བར་ཧུར་ཐག་གིས་འཚམ་པར་བྱས་ཏེ། སྔར་བས་དུས་རབས་ཀྱི་ཁྱད་ཆོས་ལྡན་པ་དང་། སྒྲིག་སྲོལ་གསར་པའི་ཁྱད་ཆོས་དང་མཐུན་པ། ལས་འགན་གསར་པའི་བླང་བྱ་མཚོན་པ་བཅས་ཀྱི་དམག་མིའི་བྱས་རྗེས་གཟེངས་བསྟོད་ལམ་ལུགས་འཛུགས་སྐྱོང་བྱེད་དགོས། 《གཏན་འབེབས》ཁྱབ་བསྒྲགས་ལག་བསྟར་བྱས་པ་དེས་ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་བྱས་རྗེས་གཟེངས་བསྟོད་རྣམ་གྲངས་ཀྱི་དོ་དམ་ལམ་སྲོལ་འཛུགས་པ་དང་། གཟེངས་རྟགས་སྤྲོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གོ་རིམ་ལྡན་པའི་མཁོ་སྤྲོད་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དབང་གྲགས་ལྡན་པ་དང་ལས་ཕྱོད་ཆེ་བའི་བཀོལ་སྤྱོད་ལྟ་སྐུལ་ལམ་སྲོལ་འཛུགས་པ་དང་། དམག་དཔུང་གི་བྱས་རྗེས་གཟེངས་བསྟོད་དོ་དམ་ལས་དོན་ཚད་ལྡན་དུ་གཏོང་བ་བཅས་ཀྱི་ཐད་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད་པ་རེད།