ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

རང་རྒྱལ་གྱིས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ཧུར་ཐག་བྱེད་བཞིན་ཡོད།

སྤེལ་དུས 2023-08-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན་ཞེས་བསྟན་གནང་ཡོད། ད་ལོ་ཤར་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མཐའ་འཁྱོངས་གནང་ཐོག མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་འཕེལ་རྒྱས་ལ་ཇུས་འགོད་གནང་བ་དང་། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་བཀོད་སྒྲིག་གལ་ཆེན་གནང་བ། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་གནང་བ་རེད།
             ད་ལོའི་ཟླ་7པར། རྒྱལ་ཡོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་དེ་ལོ་5སོང་རྗེས་སླར་ཡང་འཚོགས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས། མིག་སྔའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ཐག་གཅོད་ཡག་པོ་བྱེད་དགོས་པའི་འབྲེལ་བ་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ལས་འགན་དང་བྱེད་ཐབས་གལ་ཆེན་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་གནང་ཡོད། ད་ཐེངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ཚད་གཞི་མཐོ་ཤོས་ཀྱི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅིས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད།
             རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོབ་བཅས་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་དངོས་པོའི་དཔལ་ཡོན་འཛུགས་སྐྱོང་དང་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུར་སྣང་ཆེན་བྱས་ཏེ། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག འབྱུང་ཁམས་ལེགས་པ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་ཞེས་བསྟན་གནང་ཡོད། ལོ་འདི་ཤར་ཚུན། སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ས་པེ་ཅིང་དུ་ཞུགས་པའི་བྱེད་སྒོ་གཉིས་ཀྱི་ཐོག་ནས་ཁོང་གིས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཉམས་ལེན་འབད་སྒྲུབ་གནང་བ་དང་གཞོན་ནུ་ལོ་ཆུང་གིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་གནང་བའི་ཇུས་འགོད་གཏིང་ཟབ་མངོན་ཡོད་པ་རེད།
             ད་ལོའི་ཟླ་4ཚེས་4ཉིན་གྱི་སྔ་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆར་པར་མ་འཛེམས་པར་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཏུང་པ་ལྟེ་བའི་སྤྱི་གླིང་གི་ཤིང་འཛུགས་སར་ཕེབས་ཏེ་རྒྱལ་སའི་མང་ཚོགས་དང་མཉམ་དུ་འོས་འགན་ཤིང་འཛུགས་ནང་ཞུགས་པ་རེད། སྤྱི་ཁྱབ་ཧྲུའུ་ཅིས། འདི་ནི་ངས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་འཁུར་ཚུན་ཤིང་འཛུགས་བྱེད་སྒོར་ཞུགས་ཐེངས་བཅུ་གཅིག་པ་ཡིན་ཞེས་གསུངས་པ་དང་། ཁོང་གིས་དེ་གར་ཡོད་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཚོར། ཁྱེད་ཚོ་སླད་ཕྱིན་ཕ་མར་གྱུར་རྗེས་ཁྱེད་ཚོའི་བུ་ཕྲུག་ཚོར་ཡང་མུ་མཐུད་ཤིང་འཛུགས་བྱེད་དུ་བཅུག་སྟེ་མི་རབས་ནས་མི་རབས་བར་རྒྱུན་མཐུད་བྱེད་དགོས། དེ་ལྟར་བྱས་ན་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་ཐུབ་ཅེས་གསུངས་ཡོད།
             ད་ལོའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་ཉིན་གོང་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་ཡུས་དབྱིང་སློབ་གྲྭར་རྟོག་ཞིབ་གནང་སྐབས། དེ་གའི་སློབ་མའི་ཞིང་རར་ཕེབས་ནས་ཞིང་ལས་འདེབས་འཛུགས་བྱེད་སྒོ་སྤེལ་བཞིན་པའི་ཕྲུ་གུ་ཚོ་དང་སྤེལ་རེས་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས། དུས་རབས་གསར་པའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ཆུང་དུས་ནས་དམ་འཛིན་བྱེད་དགོས་ཤིང་། གསོན་ཉམས་དོད་པའི་ངལ་རྩོལ་ཉམས་ལེན་སློབ་ཚན་བརྒྱུད་བྱིས་པ་རྣམས་ནས་དངོས་སུ་ལག་པ་འགུལ་བ་དང་། དངོས་སུ་ཉམས་ལེན་ཐུབ་པ། དངོས་སུ་མྱོང་ཚོར་ཐུབ་པ་བཅས་བྱེད་ཏུ་བཅུག་ནས“སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་དེ་སྔ་མོ་ནས་ཕྲུ་གུ་ཚོའི་སེམས་ཁོངས་སུ་ཡོད་པ་བྱེད་དགོས་ཞེས་གསུངས་གནང་ཡོད།
             ལྗང་མདོག་ནི་མཛེས་སྡུག་ལྡན་པའི་ཀྲུང་གོའི་ཆེས་མངོན་གསལ་དོད་པའི་གཞི་རྟེན་ཡིན་པ་དང་། ལྗང་མདོག་འཕེལ་རྒྱས་ནི་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན། ལོ་འདི་ཤར་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ནང་དུ་རྟོག་ཞིབ་གནང་སྐབས་རྟག་ཏུ་ལྗང་མདོག་འཕེལ་རྒྱས་ལ་དོ་ཁུར་གནང་གི་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅིས་རང་རྒྱལ་གྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།
             ཀོང་ཏུང་ཀྲན་ཅང་སྡོང་དམར་ནགས་ཚལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ། སྤྱི་ཁྱབ་ཧྲུའུ་ཅིས། སྡོང་དམར་ནགས་ཚལ་འདི་ནི“རྒྱལ་ཁབ་ཀྱི་མཆོག་ནོར”ལྟ་བུ་ཡིན་པས་མིག་ལ་གཅེས་སྤྲས་བྱས་པ་བཞིན་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། སི་ཁྲོན་ཀོང་ཡོན་གྱི་གནའ་བོའི་ཧྲུའུ་ལམ་ཐོག་གི་ཚུའེ་ཡུན་བར་ཁྱམས་སུ། སྤྱི་ཁྱབ་ཧྲུའུ་ཅི་འཛམ་གླིང་ཡོངས་ཀྱི་མི་ཐབས་ལ་བརྟེན་པའི་གནའ་བོའི་ཤུག་ཚལ་འདིའི་ཁྲོད་ཕེབས་ནས་གནའ་ཤིང་རྩ་ཆེན་རྣམས་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། ཧྲན་ཞི་ཡུན་ཁྲེང་དུ། སྤྱི་ཁྱབ་ཧྲུའུ་ཅིས། རྨ་ཆུ་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཚང་མས་རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་འཆར་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་འཛིན་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོབ་ལ་གནོད་པའི་བྱ་བ་གཏན་ནས་བསྒྲུབ་མི་རུང་ཞེས་བསྟན་གནང་ཡོད།
             རང་རྒྱལ་བྱང་ཕྱོགས་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་ར་གལ་ཆེན་སྲ་བརྟན་དུ་གཏོང་རྒྱུ་དེ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན། ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེ་དང་དུས་མཉམ་པའི“བྱང་གསུམ”ལས་གྲྭ་དེ་ད་ཆ་འགག་རྩའི་དུས་དང་འགག་སྒྲོལ་དུས་ལ་སླེབས་ཡོད། ད་ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་གནང་སའི་ས་ཚིགས་དང་པོ་པ་ཡན་ནོའུར་ཏེ། “བྱང་གསུམ”ལས་གྲྭའི་འཛུགས་སྐྲུན་གྱི་འཐབ་ས་མདུན་ཤོས་སུ་ཕེབས་ཡོད། ཁོང་གིས་ཨུ་ལེའང་སུའུ་མཚེའུར་ཕེབས་ཏེ་མཚེའུར་གཟིགས་པ་དང་། དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དུ་ཕེབས་ཏེ་མུ་ཁར་གཟིགས་པ། གཞུང་གཉེར་ཤིན་ཧྭ་ནགས་རར་ཕེབས་ནས་ནགས་ཚལ་དང་བྱེ་སར་གཟིགས་པ། ཆུ་ཁུག་ཞིང་ཆུ་འདྲེན་ཁུལ་གྱི་ཆུ་བཀོད་གཏོང་ཆ་འཕྲིན་ཅན་གྱི་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་ཕེབས་ཏེ་ཆུ་དང་ཆུ་ཡུར་ལ་གཟིགས་གནང་ཡོད།
རྟོག་ཞིབ་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅིས་ཐང་རྒོད་ཅན་ཕྱོགས་བསྡུས་འགོག་བཅོས་དང“བྱང་གསུམ”ལ་སྐུལ་འདེད་གཏོང་རྒྱུ་སོགས་འབྱུང་ཁམས་ལས་གྲྭ་གལ་ཆེན་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས། དུས་ཡུན་ལོ་10ཡས་མས་སྤྱད་དེ“བྱང་གསུམ”ལས་གྲྭའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་ཐུབ་པའི་བརྩོན་ལེན་བྱེད་དགོས་པ་དང་། ལྷག་དོན་དུ་ནུས་ཤུགས་ཡོད་རྒུས་མཚོན་རྟགས་རང་བཞིན་གྱི་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་དགོས་ཏེ། རྨ་ཆུའི་རྒྱ་ཡིག་ཡིག་འབྲུ“几”ཡི་བཟོ་ལྟའི་འབྱུང་ཁམས་ས་ཁོངས་ཀྱི་འགག་སྒྲོལ་དམག་འཐབ་དང་། ཁོའར་ཆིན་དང་ཧུན་ཧྲན་ཏེ་ཁེའི་བྱེ་ས་ཆེན་པོ་གཉིས་ཀྱི་བཅོས་སྐྱོང་དམག་འཐབ། རྨ་ནུབ་དོག་ལམ་ནས་ཐ་ཁེ་ལ་མ་ཀན་གྱི་བྱེ་སའི་མུ་འགྲམ་གྱི་བཀག་འགོག་དམག་འཐབ་བཅས་ཡག་པོ་རྒྱག་དགོས་ཞེས་བསྟན་གནང་ཡོད།
             ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་སྦགས་མེད་ཅན་དང་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་པའི་འགག་རྩའི་ལྷུ་ཚིགས་ཡིན་ཞེས་བསྟན་ཡོད། འདི་ལོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གོང་འཕེལ་གཏོང་སྟངས་སྦགས་མེད་ཐཱན་ཉུང་ལ་ཕྱོགས་སྒྱུར་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་ཐེངས་མང་གནང་ཡོད། ཟླ་6པར་ནང་སོག་ཧུའུ་ཧོ་ཧའོ་ཐེ་ཀྲུང་ཧོན་ཐོན་ལས་གླིང་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅིས། ནུས་རྒྱུ་འཛུགས་སྐྲུན་བྱེད་པར་སྲོལ་རྒྱུན་གྱི་ཐོན་ལས་ཁོ་ནར་བརྟེན་རྒྱུ་མེད། ནུས་རྒྱུ་གསར་པ་དང་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཐཱན་རྩེ་གྲངས་སླེབས་པ་དང་ཐཱན་བཏང་སྙོམས་ཁྲོད་སྦགས་མེད་ཀྱི་ཀྲུང་གོ་ཧུར་ཐག་ངང་བསྐྲུན་དགོས་ཞེས་གསུངས་ཡོད། ཟླ་7པར་ཀྲུང་དབྱང་གི་བསྒྱུར་བཅོས་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག《ནུས་རྒྱུ་ཟད་གྲོན་གྱི་ཚོད་འཛིན་གཉིས་ལ་ཤུགས་སྣོན་རྒྱག་པ་ནས་ཐཱན་འབུད་བཤང་གི་ཚོད་འཛིན་གཉིས་ལ་རིམ་བཞིན་བསྒྱུར་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། རང་རྒྱལ་གྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ཐཱན་ཉུང་གཏོང་གིས་གཙོ་གནད་འཐབ་ཇུས་ཀྱི་ཁ་ཕྱོགས་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་པར་གཞི་ཚུགས་ཐོག ནུས་རྒྱུ་ཟད་གྲོན་གྱི་སྤྱི་འབོར་དང་ཤུགས་ཚད་སྙོམས་སྒྲིག་འཐུས་ཚང་དུ་བཏང་ནས་ཐཱན་འབུད་བཤང་གི་སྤྱི་འབོར་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་བྱེད་པའི་ལམ་ལུགས་ལ་རིམ་གྱིས་བསྒྱུར་དགོས་ཞེས་ནན་སྟོན་གནང་བ་རེད།
             གྲངས་གཞི་ལས་མངོན་པར། ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་དང་ཉི་འོད་ནུས་པའི་གློག་རྫས། གློག་གསོག་ཕུར་པ་སོགས་ནུས་ཁུངས་གསར་པའི་ཐོན་རྫས་ཀྱི་ཐོན་འབོར་ཁག་སོ་སོར་35 %དང་54.5 % 53.1 %བཅས་འཕར་ཡོད་ཅིང་། སྡེ་ཚན་རེའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ནུས་རྒྱུ་ཟད་གྲོན་དུས་མཚུངས་དང་བསྡུར་ན་0.4 %ཆག་པ། རྒྱལ་ཁབ་ཀྱི་ས་ངོས་ཆུའི་དཔྱད་ཞིབ་བཅད་ཁའི་ནང་ཆུའི་སྤུས་ཚད་ལེགས་པའི་བཅད་ཁས་བཟུང་བའི་བསྡུར་ཚད་དེ་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་གནས་2.1འཕར་ཡོད་ཅིང་། སྦགས་མེད་བརྗེ་སྒྱུར་གྱི་ཕན་འབྲས་ཐོན་ཚད་མངོན་གསལ་དོད་པོ་ཡོད་པ་རེད།