དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཏང་གི་ལོ་རྒྱུས་ཤེས་བྱ་ཆིག་བརྒྱ་མ།

སྤེལ་དུས 2021-04-03 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
རེ་གཅིག
          1987ལོར་འཚོགས་པའི་ཏང་གི་ཚོགས་ཆེན་སྐབས་བཅུ་གསུམ་པའི་སྟེང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རིགས་པའི་གཞུང་ལུགས་གསལ་བོར་བཏོན་པ་མ་ཟད་མ་ལག་ལྡན་པའི་རྒྱས་འགྲེལ་བྱས།
རེ་གཉིས།
          ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློ་ང་ཚོའི་ཏང་གི་བྱ་སྤྱོད་མཛུབ་སྟོན་དུ་གཏན་ཁེལ་མཛད་པ་ནི་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་ལོ་རྒྱུས་མཛད་རྗེས་གལ་ཆེན་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློ་ཡིས་དུས་རབས་གསར་བའི་ནང་ཅི་འདྲའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་དར་སྤེལ་གཏོང་བ་དང་། ཇི་ལྟར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་དར་འཕེལ་གཏོང་བའི་གནད་དོན་འགངས་ཆེན་ལ་དྲིས་ལེན་གསལ་བོ་བཏབ། 
རེ་གསུམ། 
          ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བས་ཏང་གི་སྒྲིག་ཡིག་ནང་ངེས་པར་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་དགོས་པ་ཁ་སྣོན་མཛད་ཡོད།
རེ་བཞི།
          ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལས་དོན་ཁྲོད་ཀྱི“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་བྱེད་སྟངས་ནི། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་ཏུ་གཏོང་བ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཁྱོན་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་བཅས་ཡིན།
རེ་ལྔ།
          ཏང་གི་ལས་བྱེད་མི་སྣ་ནི་ཏང་གི་ལས་དོན་གྱི་རྐང་འཛིན་པ་དང་མི་དམངས་ཀྱི་སྤྱི་ཞབས་པ་ཡིན་པས། བློ་དཀར་ཞིང་གཤའ་མ་འགན་འཁྲི་ཡོད་པ་ཅན་ཡིན་དགོས། 
རེ་དྲུག
          ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ“ལོ་བརྒྱ་སྐོར་གཉིས”ཀྱི་འབད་བརྩོན་དམིགས་ཡུལ་མངོན་འགྱུར་དང་།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར། ངེས་པར་ཏང་གི་གཞི་རྩའི་ལམ་ཕྱོགས་དཀྱིལ་སྙིང་་དུ་བཟུང་སྟེ། ཏང་གིས་ཏང་དོ་དམ་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་གཟབ་ནན་ཏང་སྐྱོང་རྒྱུན་འཁྱོངས་བྱེད་དགོས།
རེ་བདུན།
          ཏང་གི་སྒྲིག་ཡིག་ནང་གཏན་ཁེལ་བྱས་ཡོད་པའི་སྒྲིག་ཁྲིམས་ཡོད་ཚད་ངེས་པར་བརྩི་སྲུང་དང་ལག་བསྟར་བྱེད་དགོས་ཤིང་། ཆེས་གལ་ཆེ་ཞིང་སྲོག་ཤིང་ལྟ་བུ་ནི་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་བརྩི་སྲུང་དང་ལག་བསྟར་ནན་མོ་བྱེད་རྒྱུ་དེ་ཡིན་དགོས།
རེ་བརྒྱད། 
          ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་བརྗོད་བྱ་གཙོ་བོ་ནི་ཐོག་མའི་སེམསའདུན་མི་བརྗེད་པར། ལས་འགན་སེམས་ལ་དམ་པོར་འཛིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་སྟེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་རྒྱུ་དེ་ཡིན།
རེ་དགུ
          རྒྱལ་ཡོངས་ཀྱི་ཡ་རབས་ཚུལ་ལྡན་གྲོང་ཁྱེར་དཔྱད་བསྡུར་འདེམས་བསྐོ་དེ་ལོ3རེའི་ནང་ཐེངས་རེར་སྤེལ་བ་ཡིན། 
བདུན་ཅུ།
          དམངས་གཙོ་འོས་སྦྱོར་དང་དམངས་གཙོ་ཚད་ལེན། རྩ་འཛུགས་ཀྱིས་རྟོག་ཞིབ་བྱེད་པ་དང་ཏང་ནང་ཁུལ་ནས་འདེམས་བསྐོ་བྱེད་པ་སོགས་ཀྱི་སྐབས་སུ། འདེམས་ཤོག་འཐེན་འཕེན་དང་འདེམས་རོགས་བྱེད་པ་བཅས་རྩ་འཛུགས་ཀྱི་བྱེད་སྒོ་དང་འགལ་བའི་བྱ་སྤྱོད་ལ་དྲན་སྐུལ་ཐ་ཚིག་གམ་ཐ་ཚིག་ནན་མོ་སྒྲོག་དགོས།
དོན་གཅིག
          ཡང་དག་པའི་སྒོ་ནས་འཇོན་མི་འདེམས་སྒྲིག་དང་བཀོད་སྤྱོད་རྒྱུན་འཁྱོངས་བྱེད་པ་ནི།ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་སྒོས་སྒྲུབ་པའི་རྩ་འཛུགས་ཕྱོགས་ཀྱི་འགན་ལེན་ཡིན། 
དོན་གཉིས།
          ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཚོགས་ནི་ཏང་ཡོན་ཚོགས་ཆེན་ནམ་ཏང་ཡོན་འཐུས་ཚབ་ཚོགས་ཆེན་གྱི་འདེམས་བསྐོར་བརྟེན་ནས་གྲུབ་པ་ཡིན་ལ། སྐབས་རེའི་འགན་འཛིན་དུས་ཡུན་ནི་སྤྱིར་བཏང་དུ་ལོ3ནས་5བར་ཡིན།
དོན་གསུམ།
          ཏང་ཡོན་གྱི་སློབ་གསོ་བྱ་བའི་ཁྲོད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སྲོག་ཤིང་ཡིན་པའི་བརྗོད་བྱའི་སྙིང་བོ་དང་གཞི་རྩའི་དགོངས་དོན། ལག་ལེན་བླང་བྱ་བཅས་ལ་སློབ་སྦྱོང་མཐིལ་ཕྱིན་དང་གོ་བ་གཏིང་ཟབ་བླངས་ཏེ། ཆབ་སྲིད་རང་རྟོགས། གཞུང་ལུགས་རང་རློམ། བརྩེ་སེམས་འདོན་པ་བཅས་ལ་ཤུགས་སྣོན་དགོས།
དོན་བཞི།
          སྤྱི་ཚོགས་ལ་དགའ་བའི་གོམས་སྲོལ་ལ་སྣེ་ཁྲིད་བྱེད་པ་དང་། དང་ལེན་པའི་སྙིང་སྟོབས་དར་སྤེལ་བྱེད་པ་ནི། འབུལ་སྦྱིན་དང་མཛའ་བརྩེ། རོགས་རེས་དང་ཡར་ཐོན་བཅས་དར་སྤེལ་བྱེད་པའི་ཆེད་དུ་ཡིན།
དོན་ལྔ།
          སྤྱི་ཚོགས་རིང་ལུགས་ཀྱི་གཟི་བརྗིད་དང་ཞབས་འདྲེན་ཀྱི་སྤྱོད་ཚུལ་འབྱེད་པའི་ཚད་གཞི་ནི“གཟི་བརྗིད་ལྡན་པའི་སྤྱོད་བཟང་བརྒྱད་དང་ཞབས་འདྲེན་ཡིན་པའི་སྤྱོད་ངན་་བརྒྱད”ཡིན།
དོན་དྲུག
          གལ་ཏེ་ལོག་ཆོས་དྲིལ་སྒྲོག་གི་ཡིག་རིགས་འགྲེམ་སྤེལ་བྱེད་པ་མཐོང་ན། ཡང་དག་པའི་བྱེད་སྟངས་ནི་འཕྲལ་མར་བཀག་འགོག་བྱེད་པ་དང་། དེ་མ་ཐག་ཉེན་རྟོག་པར་ཡར་ཞུ་བྱེད་རྒྱུ་དེ་ཡིན། 
དོན་བདུན།
          《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་གཏོང་བའི་སྲོལ་ཡིག》ནང་འགན་འཁྲི་བདའ་འདེད་བཏང་བའི་ཏང་གི་མགོ་ཁྲིད་ལས་བྱེད་པས་འགན་འཁྲི་བདའ་འདེད་གཏན་འབེབས་བྱེད་མཁན་ལས་ཁུངས་ལ་ཡིག་ཐོག་ནས་སྐྱོན་བརྗོད་བྱེད་དགོས་པ་མ་ཟད། དམངས་གཙོ་འཚོ་བའི་ཚོགས་འདུའམ་ཡང་ན་ཏང་གི་ཚོགས་འདུ་གཞན་དག་ཐོག་རང་སྐྱོན་ངོས་ལེན་གཏིང་ཟབ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། 
དོན་བརྒྱད།
          ཏང་གི་མགོ་ཁྲིད་སྲོག་ཤིང་གི་ནུས་པ་དེ་གཙོ་བོ་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པ་ལས་མཚོན་ཡོད། 
དོན་དགུ། 
          ཏང་གི་རིམ་སོ་སོའི་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་སྒོས་མགོ་ཁྲིད་དང་། དམངས་གཙོ་གཅིག་སྡུད། རེ་ཟུང་ནང་མོལ། གྲོས་ཚོགས་ཐོག་ཐག་གཅོད་བཅས་བྱེད་པའི་རྩ་དོན་ལྟར་ལས་དོན་གལ་ཆེན་ཐག་གཅོད་བྱེད་དགོས། 
བརྒྱད་ཅུ།
          ཏང་གི་བསམ་བློའི་ལམ་ཕྱོགས་ནི་བྱ་བ་ཡོད་ཚད་དོན་དངོས་གཞིར་འཛིན་དང་རིགས་པའི་གཞུང་ལུགས་དང་དངོས་དོན་ཟུང་འབྲེལ། དངོས་ཐོག་བདེན་འཚོལ་བཅས་བྱས་ཏེ། ལག་ལེན་ནང་བདེན་དོན་ཞིབ་བཤེར་དང་བདེན་དོན་འཕེལ་རྒྱས་སུ་གཏོང་བ་དེ་ཡིན།