དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

སྤེལ་དུས 2020-09-02 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
        《རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད》དང《སྐབས་བཅུ་ དགུ་པའི་ཀྲུང་དབྱང་གི་རེས་སྐོར་ལྔ་པའི་སྐོར་གཟིགས་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར》གྲོས་ཞིབ་བྱས་པ།
        ཟླ་8ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས《རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད》དང《སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་ལྔ་པའི་སྐོར་གཟིགས་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར》གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
        ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཡུལ་བབ་དང་བསྟུན་པ་དང་། རིགས་དབྱེ་ཇུས་བསྟར། ཆོས་ཉིད་ལ་བརྩི་འཇོག་བཅས་བྱས་ནས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་དགོས། རྨ་ཆུའི་ཆུའི་ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་དང་གྲོན་ཆུང་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཆུའི་ཐོན་ཁུངས་དེ་བཙན་ཞིང་ནན་པའི་ཚད་བཀག་ལ་བརྩི་བ་དང་ཆུ་གྲོན་ཆུང་བྱེད་པར་བརྟེན་ནས་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་དགོས། ཕུགས་ལ་དམིགས་ནས་རྨ་ཆུའི་ཐན་པའི་གནོད་འཚེ་ཉུང་དུ་བཏང་སྟེ། ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གནོད་འཚེ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས། བྱེད་ཐབས་ནུས་ལྡན་སྤྱད་དེ་རྨ་ཆུ་རྒྱུག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་མགྱོགས་པོ་བྱེད་པ་དང་། ཁྱད་ལྡན་ལེགས་ལྡན་གྱི་དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། གྲོང་ཁྱེར་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས།
        རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་དར་སྤེལ་ཤུགས་ཆེན་བཏང་སྟེ། ལོ་རྒྱུས་ཀྱི་འབྱུང་རྩ་རྒྱུན་མཐུད་བྱེད་པ་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་བྱས་ནས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས། བྱས་པའི་རྗེས་དང་འདྲུད་པའི་ཤུལ་གྱི་སྤྱོད་ཚུལ་ལ་བརྟེན་ནས། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་དང་། འབྲེལ་ཡོད་སྡེ་ཚན་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ། ཞིབ་ཕྲའི་འཆར་འགོད་དང་། ལག་བསྟར་ཇུས་གཞི། སྲིད་ཇུས་མ་ལག་བཅས་གང་མགྱོགས་བཟོས་ནས་ལག་བསྟར་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཡར་རྒྱས་མངོན་གསལ་དོད་པོ་ཡོང་བར་འབད་བརྩོན་བྱེད་དགོས།
        ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ཐོག་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་དམིགས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཏང་དང་རྒྱལ་ཁབ་སྒྲིག་གཞིའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སྐོར་གཟིགས་གནས་ཚུལ་ལ་བལྟས་ན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཙུའུ(ཏང་ཨུད)ཡིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་རྣམ་འགྱུར་སྔར་བས་ལེགས་པ་དང་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བའི་འགན་འཁྲིའི་འདུ་ཤེས་ཕྱོགས་ཡོངས་ནས་མཐོ་རུ་སོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད་རྒྱུན་མཐུད་ངང་འཕེལ་ཕྱོགས་གསར་པ་བྱུང་བ། ལས་དོན་ཁག་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་གསར་པ་བྱུང་བ། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་གཏན་ལྟར་འཁོར་སྐྱོད་སླར་གསོ་བྱེད་པ་སོགས་ཀྱི་ཐད་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་ལས་དོན་ཏན་ཏིག་སྤེལ་ཡོད། དེ་དང་ཆབས་ཅིག་དུས་རབས་གསར་པ་དང་། དུས་བབ་གསར་པ། བླང་བྱ་གསར་པ་བཅས་ཀྱི་མདུན་དུ་ད་དུང་མངོན་གསལ་དོད་པའི་གནད་དོན་ཁ་ཤས་ལྷག་ཡོད་པས་ཚད་མཐོའི་མཐོང་ཆེན་བྱེད་དགོས། དག་ཐེར་དོན་འཁྱོལ་ཐད་མཁྲེགས་སར་གཏུག་ཕོད་པ་དང་། དག་ཐེར་གྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། རྒྱུན་གཏན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཁར། དག་ཐེར་ལ་དམ་འཛིན་བྱ་རྒྱུ་དེ་རྒྱུན་གཏན་གྱི་ལས་ཀ་དང་། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། ཚན་ཁག་གི་དཔུང་ཁག་འཛུགས་སྐྱོང་བཅས་ཀྱི་ནང་མཉམ་འདྲེས་ཐུབ་པ་བྱེད་དགོས།
རྩོམ་སྒྲིག་པ། སངས་སྐྱབས།