ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

བོད་ལྗོངས་ཀྱི་དངུལ་རྩའི་ཐོན་ཁུངས་མཁོ་སྤྲོད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

སྤེལ་དུས 2023-04-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  འདི་ལོ་ནས་བཟུང་བོད་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས་བརྟན་ལ་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་དང་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་ལག་ལེན་ནན་ཏན་བསྟར་ནས། དངོས་ཚན་དཔལ་འབྱོར་དང་ཁེ་ལས་ཀྱི་དཀའ་ངལ་སེལ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད་པ་རེད། དུས་ཚིགས་དང་པོར་བོད་ཀྱི་དངུལ་རྩའི་སྤྱི་འབོར་མགྱོགས་མྱུར་འཕར་ནས་ཟླ་གསུམ་པའི་ཟླ་མཇུག་ཏུ་ལྗོངས་ཡོངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་5619.21ཟིན་པ་དུས་མཚུངས་ལས་7.04%འཕར་ཡོད། ཡིད་རྟོན་དངུལ་བུན་གྱི་མ་དངུལ་མགྱོགས་མྱུར་འཕར་བས་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་སོགས་ཁྲོམ་རའི་བྱེད་པོར་དཀའ་ངལ་སེལ་རོགས་བྱེད་པར་འདེགས་སྐྱོར་ནུས་ལྡན་ཐུབ་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངུལ་རྩའི་འགན་ལེན་ནུས་ལྡན་བྱས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།