ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

རྩོད་གཞི་འདུམ་པས་དམངས་སྡུག་སེལ། ཁྲིམས་འཛིན་ངེས་ལེན་དམངས་སེམས་བརྟན།

སྤེལ་དུས 2023-06-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ཐུན་ཏེ་རྫོང་འགལ་རྩོད་ཕྱོགས་བསྡུས་མཉམ་སྒྲུབ་ཞབས་ཞུ་ལྟེ་གནས་ཀྱིས2023ལོའི6པའི་ཚེས6ཉིན། རྫོང་དང་ས་ཁུལ་བརྒལ་བའི་ཉོ་འཚོང་གན་རྒྱའི་གྱོད་གཞི་ཆེན་པོ་ཞིག་ལེགས་པར་བསྡུམ། གྱོད་གཞི་འདི་ནི་ཕྱོགས་གཉིས་ཀྱིས་ལུག174ཡི་ཉོ་འཚོང་བྱེད་པའི་ཐད་ནས། རིན་གོང་སོགས་ལ་བཤད་རྒྱུ་མེད་པར་ཚོང་འགྲིག་ནས། ལུག་ཡོད་ཚད་ཉོ་མཁན་གྱིས་རང་གི་རྩྭ་རར་དེད་རྗེས། ཕྱོགས་གཉིས་ཀྱིས་གན་རྒྱ་ནམ་འབྲི་དང་། དུས་ནམ་ཞིག་ལ་གནས་གང་ཞིག་ནས་ལུག་རིན་སྟེར་བ་སོགས་ཀྱི་ཐད་གྲོས་མཐུན་མ་བྱུང་།

        ཐུན་ཏེ་རྫོང་འགལ་རྩོད་ཕྱོགས་བསྡུས་མཉམ་སྒྲུབ་ཞབས་ཞུ་ལྟེ་གནས་ཀྱི་འདུམ་སྒྲིག་མི་སྣས་དུས་ལྟར་དུ“མཐུན་སྦྱོར”གྱི་ནུས་པ་བཏོན་ནས།  ཕྱོགས་གཉིས་ཀར་ཁྲིམས་ལུགས་ཟུང་འབྲེལ་དང་།    དཔེ་འཇོག་ལམ་སྟོན།   བཅའ་ཁྲིམས་ངོ་སྤྲོད་ཀྱི་ཐབས་སྣ་ཚོགས་བཀོལ་ནས། སེམས་ཞིབ་མོས་གོ་བསྐོན་བློ་འགུག་གིས་དོ་བདག་གི་དོགས་གནད་སེལ་ཞིང་།    རྩ་བ་ནས་དོ་བདག་གི་སེམས་ཀྱི་དོགས་པ་བསལ་ནས། གན་རྒྱ་འབྲི་རུ་བཅུག་པ་དང་ཕྱོགས་གཉིས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས།    ཐེངས་འདིའི་རྩོད་གཞིའི་གྱོད་འབྲེལ་དངུལ་འབོར་ཧ་ཅང་ཆེ་སྟབས། འདུམ་སྒྲིག་གྲོས་ཆིངས་ཕྱིར་མི་རྫོགས་པའི་ཆེད་དུ།     ལྟེ་གནས་ལས་མིས་དུས་ལྟར་དུ་རྫོང་མི་དམངས་ཁྲིམས་ཁང་དང་འབྲེལ་བ་བྱས་ནས། འབྲེལ་ཡོད་རྒྱུ་ཆ་མཁོ་སྤྲོད་བྱས་ཤིང་།   དོ་བདག་ཕྱོགས་གཉིས་ལ་སྣེ་ཁྲིད་མཛུབ་སྟོན་གྱིས་བཅའ་ཁྲིམས་ངེས་ལེན་བྱེད་དུ་བཅུག་ནས།   གྲོས་ཆིངས་ཕྱི་ནུར་བྱེད་པར་སྔོན་འགོག་ནུས་ལྡན་བྱས། 

        མཇུག་མཐར་འདུམ་སྒྲིག་པས་ཧུར་ཐག་གིས་འགལ་བ་སེལ་ཏེ། ཕྱོགས་གཉིས་ཀར་གྲོས་མཐུན་བྱུང་ཞིང་མི་དམངས་འདུམ་སྒྲིག་གྲོས་མཐུན་ཡི་གེའི་སྟེང་ཕྱོགས་གཉིས་ནས་དགའ་བ་དང་བཅས་མིང་རྟགས་བཀོལ།   ཐེངས་འདིའི་གྱོད་དོན་འདུམ་སྒྲིག་ལེགས་འགྲུབ་བྱུང་བ་དེས་དོ་བདག་གི་དམངས་སྒོར151600.00ལྷག་གི་དཔལ་འབྱོར་གྱོང་གུད་སེལ་ཞིང་། རྩོད་གཞི་འདུམ་པས་དམངས་སྡུག་སེལ་ལ། ཁྲིམས་འཛིན་ངེས་ལེན་གྱིས་དམངས་སེམས་བརྟན་པའི་དོན་སྙིང་མངོན་པར་མཚོན་ནས། བརྩེ་བ་དང་སེམས་ཞིབ་མོའི་མང་ཚོགས་ཀྱི་བདེ་སྐྱིད་ལ་སྲུང་སྐྱོབ་དང་།    མངའ་ཁོངས་འཆམ་མཐུན་ལ་སྲུང་སྐྱོབ་བྱས།