ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

དུས་ཐོག་ཞིབ་བཤེར་འགལ་བ་བཀག ཁྲིམས་སྒྲོག་སྔོན་བསྐྱོད་རྩོད་གླེང་ཞི།

སྤེལ་དུས 2023-06-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཟླ6པའི་ཚེས5ཉིན་རྐ་འབའ་སུམ་མདོ་གྲོང་རྡལ་ནུ་གུ་སྡེ་བ་དང་། འབའ་ལུང་ཞང་ཆུ་ནག་སྡེ་བ་གཉིས་ཀྱི་རྩྭ་མཚམས་སུ་རྫི་བོ་སྐོར་ཞིག་བར་རྩོད་གླེང་བུད། སྡེ་བ་འདི་གཉིས་ཀྱི་རྩྭ་མཚམས་འགལ་བའི་ལོ་རྒྱུས་རྒྱབ་ལྗོང་རྙོག་དྲ་ཆེ་ཞིང་།ལོ30ལྷག་གི་ཡེ་སྔོན་དུ་རྩོད་འཁྲུག་བྱུང་མྱོང་ཡོད་པས་མི་ཚོགས་རང་བཞིན་གྱི་དོན་རྐྱེན་འབྱུང་ཉེན་ཅུང་ཆེ།
       རྫོང་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་དེ་གོ་མ་ཐག་སྲིད་ཁྲིམས་སྡེ་ཁག་གི་ཁྲིམས་ལུགས་དྲིལ་སྒྲོག་ཚོ་ཆུང་བཀོད་སྒྲིག་བྱས་ཏེ། སྡེ་བ་གཉིས་ལ་སྐབས་བབ་ཀྱི་ཁྲིམས་ལུགས་དྲིལ་སྒྲོག་བྱས་ནས་རྩྭ་མཚམས་ལས་བྱུང་བའི་སྤྱི་ཚོགས་བདེ་འཇགས་ཀྱི་འགལ་རྐྱེན་སྔོན་འགོ་བྱེད་དགོས་པའི་རེ་འདུན་བཏོན། རྐ་འབའ་སུམ་མདོ་ཁྲིམས་འཛིན་ཁང་གིས་གོང་རིམ་གྱི་བཀོད་སྒྲིག་དང་དུ་བླངས་ནས། དུས་ཐོག་ཏུ་སྡེ་བ་གཉིས་ཀྱི་མང་ཚོགས་རྩ་འཛུགས་བྱས་ཏེ། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་པ་དང་མཉམ་དུ་ཁྲིམས་ལུགས་དྲིལ་སྒྲོག་ཡུལ་དངོས་སུ་བཅར།
       ཁྲིམས་སྒྲོག་མི་སྣའི་སྡེ་བ་གཉིས་ཀྱི་མང་ཚོགས་ལ་ཉེ་འཁོར་ནས་བྱུང་བའི་གྱོད་གཞི་ལས་གྱོད་དཔེས་ཁྲིམས་འགྲེལ་བྱས་པ་དང་། 《བདེ་སྲུང་ཆད་གཅོད་བཅའ་ཁྲིམས》དང《ཉེས་ཁྲིམས》《རྩྭ་སའི་བཅའ་ཁྲིམས།》《ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་བཅའ་ཁྲིམས》སོགས་སྐབས་བབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་སྒྲོག་བྱས་པ་དང་། སྡེ་ཨུ་གཉིས་དང་། རྩྭ་མཚམས་འདབ་འབྲེལ་གྱི་མང་ཚོགས། སྡེ་མི་རྒན་པ་སྐོར་ཞིག་ལ་ཁ་ཐུག་ངོ་ཐུག་གིས་གནས་ཚུལ་རྒྱུས་ལོན་དང་ཁྲིམས་ལུགས་དྲིལ་སྒྲོག་བྱས། མཇུག་མཐར་སེམས་སྣེ་སེམས་མཐུད་པའི་ཁྲིམས་སྒྲོག་དང་འཆམ་མཐུན་ལམ་ནས་རྩོད་གཞི་ཐག་གཅོད་བྱེད་དགོས་པའི་དགེ་མཚན་སོགས་བཤད་པར་བསྟེན། ཕྱོགས་གཉིས་ཀྱི་མང་ཚོགས་ཀྱིས་རྩོད་གཞི་ཡོད་སའི་ས་ཆར་དོན་རྐྱེན་མི་སློང་བ་དང་། མི་ཚོགས་བསྡུས་ནས་ཟིང་ཆ་མི་སློང་བ། ཟོག་ལུག་མི་འཚོ་བ། རྡུང་རེས་མི་རྒྱག་པ།  སྡིགས་མོལ་མི་བྱེད་པ། བསྙད་རྐོ་ཟིང་སློང་མི་བྱེད་པ། ཁྲིམས་འགལ་གྱིས་འཛུགས་སྐྲུན་མི་བྱེད་པ། གང་འདོད་ལྟར་ལྕགས་ར་མི་སྐོར་བ། གཞུང་སྒྲུབ་མི་སྣའི་བྱ་བར་བར་ཆད་མི་བཟོ་བ། སྤྱི་ཚོགས་སྒྲིག་གཞི་ལ་གཏོར་བརླག་མི་བྱེད་པ། ཁྲིམས་འགལ་གྱིས་གོང་གཏུག་མི་བྱེད་པ། མདོར་ན་སྤྱི་ཚོགས་འཆམ་མཐུན་བདེ་འཇགས་ལ་གནོད་པ་ཡོད་པའི་བྱ་བ་ཅི་ཡང་མི་སྒྲུབ་རྒྱུ་ཁག་ཐེག་བྱས།
       ཐེངས་འདིའི་ཁྲིམས་ལུགས་དྲིལ་སྒྲོག་གིས་ཁྲིམས་སྐྱོང་དང་ཀུན་སྤྱོད་ཟུང་འབྲེལ་གྱིས་ནད་ཐོག་སྨན་བཅོས་དང་།ཐབས་མཁས་ཁྲིམས་སྒྲོག་བྱས་ཤིང་། བྱེད་ཐབས་སྣ་མང་སྤྱད་དེ་ནུས་ལྡན་དགོས་སྡེ་བ་གཉིས་བར་བར་གྱི་འགལ་རྩོད་སྔོན་འགོག་བྱེད་ཐུབ་པ་བྱུང་་ཤིང་། དོན་རྐྱེན་འདིའི་རིགས་སྔོན་འགོག་བྱེད་པ་ལ་དཔེ་སྟོན་ནུས་ལྡན་ཞིག་བསྐྲུན་ཡོད།