ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

སྤྱི་ཕན་ངལ་རྩོལ་རིན་ཐང་བསྐྲུན། སྤྱོད་པ་བསྒྱུར་ནས་ལེགས་ལམ་སྙོག

སྤེལ་དུས 2023-06-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ཟླ6པའི་ཚེས9ཉིན་གྱི་སྔ་དྲོའི་ཆུ་ཚོད9པའི་སྟེང་། རྐ་འབའ་སུམ་མདོ་ཁྲིམས་འཛིན་ཁང་གིས་རྫོང་སྡེ་ཁུལ་ཡོ་བསྲང་ལྟེ་གནས་ཀྱི་གཅིག་གྱུར་བཀོད་འདོམ་དང་ལེན་བྱས་ནས། རང་གྲོང་རྡལ་གྱི་སྡེ་ཁུལ་ཡོ་བསྲང་མི་སྣ12རྩ་འཛུགས་བྱས་ཏེ་སྤྱི་ཕན་ངལ་རྩོལ་ལྟེ་གནས་སུ་སྤྱི་ཕན་ངལ་རྩོལ་ལ་ཞུགས་སུ་བཅུག སྡེ་ཁུལ་ཡོ་བསྲང་མི་སྣར་དོ་དམ་ནན་མོ་བྱེད་པ་དང་། ངལ་རྩོལ་འདུ་ཤེས་མཐོར་འདེགས་གཏོང་བ། སྤྱི་ཚོགས་གཞན་ཕན་གྱི་འདུ་ཤེས་དང་སྤྱི་ཚོགས་འགན་འཁྲིའི་འདུ་ཤེས་ཇེ་མཐོར་གཏོང་ཆེད། ཁྲིམས་འཛིན་ཁང་གི་མི་སྣས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་ངལ་རྩོལ་གྱི་གཟི་བརྗིད་ངོ་སྤྲད་ནས། ངལ་རྩོལ་ལ་བསྟེན་ཏེ་སྤྱི་ཚོགས་ལ་ལེགས་སྐྱེས་དང་བྱས་རྗེས་འཇོག་དགོས་ཚུལ་གདམས། ཁོ་ཚོས་སྤྱི་ཕན་ཚོལ་ར་རུ་རྩྭ་ལྡུམ་བལ་ཞིང་ས་སློག་པ་དང་། གད་སྙིགས་གཙང་སེལ་སོགས་ཀྱི་སྤྱི་ཕན་ངལ་རྩོལ་བྱས།ཚང་མས་ནན་དན་དང་རྔུལ་ནག་ཆུ་གཤར་གྱིས་ངལ་རྩོལ་བྱས་ཤིང་། ནམ་ཞིག་སྔོ་ཚོལ་སྐྱེས་ན་སྤྱི་ཚོགས་ཀྱི་ཟུར་སྣ་ཚོགས་ལ་རིན་མེད་སྦྱིན་པ་གནང་ཐུབ་རྒྱུ་རེད་ཅེས་དགའ་སྤྲོས་ཁེངས། 
        ཐེངས་འདིའི་བྱེད་སྒོ་བརྒྱུད་ནས་སྡེ་ཁུལ་ཡོ་བསྲང་མི་སྣའི་ངལ་རྩོལ་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་གསོ་སྐྱོང་གནང་ཐུབ་ཡོད་པ་མ་ཟད། ངལ་རྩོལ་གྱི་གོ་རིམ་ཁྲོད་ནས་སྤྱི་ཚོགས་སྤྱི་ཕན་དང་འགན་འཁྲིའི་འདུ་ཤེས་གསལ་རྟོགས་ཐུབ་པ་བྱུང་། ཡོ་བསྲང་མི་སྣ་རྣམས་ཀྱིས་ད་ནས་བཟུང་ཁྲིམས་འཛིན་ཁང་གིས་རྩ་འཛུགས་བྱས་པའི་བྱེད་སྒོ་ཐ་དག་ལ་དགའ་སྤྲོས་ཞུགས་ནས།མུ་མཐུད་དུ་རང་ཉིད་བཅོས་བསྒྱུར་དང་འཐུས་ཚང་དུ་བཏང་སྟེ། ཡིད་རྟོན་དང་ངལ་རྩོལ་གྱི་རྔུལ་ཆུ་ལས་སྔར་བྱས་ཀྱི་ཉེས་པ་འདག་པར་བྱས་ནས།རང་ཁ་རང་གསོ་ཐུབ་པའི་སྤྱི་དམངས་ཚད་ལྡན་ཞིག་བྱེད་རྒྱུ་ཡིན་ཞེས་བཤད།