ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

བྱེད་ཐབས་གསར་བཏོད་འདུམ་དྲ་འཛུགས། དྲ་ཐོག་གསོ་སྦྱོང་འཇོན་ནུས་སྤེལ།

སྤེལ་དུས 2023-06-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཁོངས་གཏོགས་ཀྱི་འགལ་བ་སྣ་ཚོགས་ནུས་ལྡན་དགོས་སྔོན་འགོག་བྱེད་པ་དང་། གོམ་གང་མདུན་སྤོས་ཀྱིས་འདུམ་སྒྲིག་རྩ་འཛུགས་ཚད་ལྡན་ཅན་དང་འདུམ་སྒྲིག་མི་སྣའི་ཕྱོགས་བསྡུས་ནུས་པ་གོང་མཐོར་བཏང་ནས། དུས་ཐོག་ཏུ་འགལ་བ་ཚོགས་འདུམ་སྒྲིག་དང་སྤྱི་ཚོགས་ཀྱི་བདེ་འཇགས་མིན་པའི་རྒྱུ་རྐྱེན་སེལ་ཏེ། “ཁྱོན་ཡོངས་ནས་ཞིབ་བཤེར་དང་། དུས་ཐོག་ཏུ་གསབ་ཞུགས། ཁྲིམས་ལྟར་ཐག་གཅོད། གནས་གཅིག་ནས་ཐག་གཅོད”བྱེད་པར་ཁག་ཐེག་བྱས་ཏེ། མི་དམངས་འདུམ་སྒྲིག་དྲ་རྒྱ་ཆེན་པོ་འགྲུབ་པར་བྱས་ནས། སྤྱི་ཚོགས་བདེ་འཇགས་ལ་ནུས་ལྡན་སྒོས་སྲུང་སྐྱོབ་བྱེད་པ་དང་། དུས་རབས་གསར་བའི་ཧྥིང་ཆོ་ཉམས་མྱོང་འཕེལ་རྒྱས་གཏོང་བ་གཞི་གཅིག་ཏུ་འབྲེལ་ནས། སྐར་རིམ་ཅན་གྱི་ཧྥིང་ཆོ་རྣམ་པའི་ཁྲིམས་འཛིན་ཁང་བསྐྲུན་ཆེད། ཁྲིམས་འཛིན་ཁང་གིས་གཞི་རིམ་སྤྱི་ཚོགས་འཛུགས་བསྐྲུན་ཐད་བཏོན་པའི་ནུས་པ་རྩལ་ཏུ་སྤྲུགས་ནས། རྐ་འབའ་སུམ་མདོ་ཁྲིམས་འཛིན་ཁང་གིས་མངའ་ཁོངས་ཡོངས་སུ་མི་དམངས་འདུམ་སྒྲིག་བྱ་བ་ཚད་ལྡན་ཅན་དུ་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ། 

       བྱེད་ཐབས་གསར་བས་རྣམ་པ་གསར་བ་བསྐྲུན། འདུམ་སྒྲིག་དྲ་བས་སྤྱི་ཚོགས་འཆམ་མཐུན་བསྲུང་། ཕྱོགས་སོ་སོའི་ནུས་པ་གཅིག་ཏུ་བསྡུས་ནས། རང་རང་གི་ཆེད་ལས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ནུས་མཐོ་དང་སྟབས་བདེ་ཡིན་པའི་མི་དམངས་འདུམ་སྒྲིག་ཞབས་ཞུ་མཁོ་འདོན་གྱིས། འགལ་བ་སེལ་བ་དང་སྤྱི་ཚོགས་གཏན་འཇགས་ལ་སྐུལ་འདེད་བྱེད་ཆེད། རྐ་འབའ་སུམ་མདོ་ཁྲིམས་འཛིན་ཁང་གིས“1+2+4+N”མི་དམངས་འདུམ་སྒྲིག་བྱེད་ཐབས་གསར་བཏོད་བྱས།“1”གིས་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་འདུམ་སྒྲིག་ལ་འགོ་ཁྲིད་བྱེད་པ་མཚོན་ལ། “2”ཀྱིས་མངག་གཏོང་ཁང་དང་ཁྲིམས་འཛིན་ཁང་གཉིས་ཀྱི་མཉམ་འབྲེལ་མཚོན།  “4”ཡིས་འཕྲོད་བསྟེན་སྡེ་ཁག་དང་། སློབ་གསོ་སྡེ་ཁག འགྲིམ་འགྲིལ་སྡེ་ཁག སྐྱེས་མའི་མཐུན་ཚོགས་བཅས་ཀྱི་ཆེད་ལས་དང་ལས་རིགས་ཅན་གྱི་འདུམ་སྒྲིག་ཚོགས་པ་བཞིའི་གསབ་ཞུགས་མཚོན།  “N”གྱིས་ནུས་ལྡན་དགོས་སྟོབས་ཤུགས་གཞན་དག་སྟེ། ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན། སྡེ་དམག ཁྲིམས་ཤེས་པ། མི་དམངས་འདུམ་སྒྲིག་པ་སོགས་ཀྱིས་ནུས་པ་གཅིག་སྡུད་བྱས་ནས་འདུམ་སྒྲིག་དྲ་བ་བསྐྲུན་པ་མཚོན། འདི་ལྟ་བའི་ཕྱོགས་མང་མཉམ་འབྲེལ་དང་སྣ་མང་འདུམ་སྒྲིག་གི་གནས་བབ་ཆགས་པར་བྱས་ཏེ། སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་ལ“སྣེ་ཁྲིད་པ”དང“ཕྱོགས་སྟོན”གྱི་ནུས་པ་གལ་ཆེན་བཏོན་ཡོད། 
       དྲ་ལམ་གསོ་སྦྱོང་རྣམ་པ་གསར། སློབ་སྦྱོང་སྤྲོ་སྣང་དེ་བས་ཆེ། འདུམ་སྒྲིག་པའི་ནུས་པ་ཁྱོན་ཡོངས་ནས་གོང་མཐོར་བཏང་སྟེ། འགལ་བ་འདུམ་སྒྲིག་གི་བྱེད་ནུས་མཐོར་འདེགས་གཏོང་བ་དང་། ཧྥིང་ཆོའི་ཉམས་མྱོང་ཐུན་ཏེ་ཅན་དུ་གཏོང་བ་ལག་ལེན་དོན་འཁྱོལ་བྱ་ཆེད། ཟླ6པའི་ཚེས15ཉིན། རྐ་འབའ་སུམ་མདོ་ཁྲིམས་འཛིན་ཁང་གིས་གྲོང་རྡལ་ཡོངས་ཀྱི་སྡེ་བ་དང་སྡོད་ཁུལ་གྱི་མི་དམངས་འདུམ་སྒྲིག་ཁང་གི་ཀྲུའུ་རིན26བསྡུས་ནས“ནུས་པ་མཐོར་འདེགས་འགན་འཁྲི་བརྟན། མི་དམངས་འདུམ་སྒྲིག་དམངས་སྡུག་སེལ”ཞེས་པ་བརྗོད་དོན་ཡིན་པའི་དྲ་ལམ་གསོ་སྦྱོང་འཛིན་གྲྭ་བསྡུས། 

       གསོ་སྦྱོང་སྟེང་དུ་རྐ་འབབ་སུམ་མདོ་ཁྲིམས་འཛིན་ཁང་གི་སའོ་ཀྲང་རྡོ་རྗེ་ཚེ་རིང་གིས་ལག་ལེན་དངོས་ལ་གཞིག་ནས། གྱོད་དཔེ་ལས་ཁྲིམས་བཤད་པ་དང་། PPTའགྲེམ་སྟོན་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱད་ནས། མི་དམངས་འདུམ་སྒྲིག་གི་ལོ་རྒྱུས་རྒྱབ་ལྗོངས་དང་། དངོས་ཡོད་རིན་ཐང་། བྱ་བའི་ཁྲོད་ཀྱི་མཉམ་འཇོག་དགོས་ས། མི་དམངས་འདུམ་སྒྲིག་བཅའ་ཁྲིམས་ཀྱི་ལོ་རྒྱུས་འཕེལ་རིམ། མི་དམངས་འདུམ་སྒྲིག་གི་རྩ་དོན་དང་ཁྱབ་ཁོངས།གོ་རིམ་སོགས་ཀྱི་ཐད་ནས་གོ་སླ་ཞིང་ནང་དོན་ཕུན་སུམ་ཚོགས་པའི་སློབ་ཁྲིད་བྱས། སློབ་ཁྲིད་ལ་ཁ་གཏད་རང་བཞིན་དང་བེད་སྤྱོད་རང་བཞིན། མཛུབ་སྟོན་རང་བཞིན་གྱིས་མངོན་གསལ་ཡོད་འདུག།  
       གསོ་སྦྱོང་མཇུག་རྫོགས་རྗེས་ཁྲིམས་འཛིན་ཁང་གིས་སྡེ་བའི་འདུམ་སྒྲིག་ཨུ་ལྷན་གྱི་ཀྲུའུ་རིན་ཡོངས་ལ་གཅིག་ནས་འགན་འཁྲི་མཐོར་འདེགས་བྱས་ཏེ། དུས་ཐོག་ཏུ་སྡེ་བའི་ནང་གི་འགལ་བ་ཞིབ་བཤེར་བྱས་ནས། འགལ་བ་ཞིབ་བཤེར་གྱི་གལ་ཆེན་རང་བཞིན་དང་འགན་འཁྲིའི་རང་བཞིན་སེམས་སུ་འཇགས་པར་བྱས་ཏེ།འགལ་བ “སྔ་མོ་ནས་ཤེས་པ་དང། སྔ་མོ་ནས་གསབ་ཞུགས་བྱེད་པ། སྔ་མོ་ནས་སྔོན་འགོག་བྱེད་པ ”རྒྱུན་འཁྱོངས་བྱེད་དགོས་ཞེས་དང་།གཉིས་ནས་ནུས་པ་གོང་མཐོར་བཏང་སྟེ། རྒྱུན་པར་འགལ་བ་སེལ་བའི་ཐབས་རྩལ་ལ་སློབ་སྦྱོང་དང་།ནུས་པ་ཡོད་དགུས་དམངས་ཀྱི་འགལ་བ་སེལ་ནས། ཞིབ་བཤེར་དྲ་མིག་ལས་མི་བརྒལ་ཞིང་། དོན་ཆུང་སྡེ་བ་ལས་མི་བརྒལ་བ། དོན་ཆེན་ཞིང་གྲོང་ལས་མི་བརྒལ་བར་ཁག་ཐེག་བྱེད་དགོས། གསུམ་ནས་དཔེ་སྟོན་གྱི་ནུས་པ་བཏོན་སྟེ། གསོ་སྦྱོང་གི་ནང་དོན་རང་གིས་ངེས་ཤིང་སྤྱོད་པ་དང་གཞན་ལ་ཁྲིད་ཀྱང་བྱང་བར་བྱེད་དགོས་ཞེས་རེ་བ་བཏོན། 

       འདི་ལྟར་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ལ་བསྟེན་ནས་འདུམ་སྒྲིག་རྩ་འཛུགས་ལེགས་བསྒྱུར་དང་། འདུམ་སྒྲིག་ནུས་པ་གོང་མཐོར་བཏང་ནས།ཧྥིང་ཆོའི་ཉམས་མྱོང་ཐུན་ཏེ་ཅན་དུ་གཏོང་བར་དཔེ་སྟོན་ལེགས་པོ་བསྐྲུན་པར་མ་ཟད། འགལ་བ་འདུམ་སྒྲིག་སྣ་མང་ཅན་གྱི་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། མི་དམངས་འདུམ་སྒྲིག་གི་སྤྱི་ཚོགས་འགོག་ར་དང་པོའི་ནུས་པ་གང་ལེགས་བཏོན་ཏེ། རྫོང་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་བ་བཞག