ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ།

བོད་ལྗོངས་ནས་མེ་ཏོག་འདི་གསར་དུ་རྙེད་འདུག

སྤེལ་དུས 2023-12-14 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

          སྣ་མ་ཚན་པའི་རྩི་ཤིང་ནི་ཐུམ་སོན་རྩི་ཤིང་ཁྲོད་ཀྱི་རིགས་རྒྱུད་ཕུན་སུམ་ཚོགས་ཤོས་གྲས་ཤིག་ཡིན་ལ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཁྲོད་ཀྱི་རིགས་“གཙོ་བོ་”ཤིག་ཀྱང་རེད། བྱ་ཚང་དབྱིབས་ཀྱི་སྣ་མ་མེ་ཏོག་ནི་(Neottia)སྣ་མ་བྱ་ཚང་དབྱིབས་ཅན་གྱི་རྩི་ཤིང་(Orchidaceae, Neottieae)རེད། གོ་ལ་ཧྲིལ་པོར་བྱ་ཚང་སྣ་མ་དབྱིབས་ཅན་གྱི་རྩི་ཤིང་རིགས་80ཙམ་ཡོད་པའི་ནང་ཀྲུང་གོའི་ཟིན་ཐོར་བཀོད་པ་རིགས45ཙམ་ཡོད། 
          2019ལོར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རྒྱལ་ཡོངས་ཀྱི་སྣ་མའི་རྩི་ཤིང་བརྟག་དཔྱད་ལས་དོན་སྤེལ་འགོ་ཚུགས་པ་རེད། 2023ལོའི་ཟླ8པར། བོད་ལྗོངས་ཀྱི་སྣ་མ་བརྟག་དཔྱད་རུ་ཁག་གིས་མེ་ཏོག་རྫོང་གི་ཡར་ཀླུང་གཙང་པོའི་འགྲམ་དུ་སྣ་མའི་རྩི་ཤིང་ལ་བརྟག་དཔྱད་བྱེད་སྐབས། སྣ་མའི་རིགས་བྱ་ཚང་དབྱིབས་ཅན་ཁོངས་སུ་གཏོགས་པ་མ་ཤེས་པའི་ས་བོན་ཞིག་ཤེས་རྟོགས་བྱུང་བ་རེད། བཟོ་དབྱིབས་དང་ཆ་རྡུལ་མ་ལག་རིག་པའི་ཞིབ་འཇུག་བྱས་པ་བརྒྱུད། བརྟག་དཔྱད་རུ་ཁག་གིས་དེ་ནི་བྱ་ཚང་དབྱིབས་ཀྱི་སྣ་མའི་ཁོངས་གཏོགས་རིགས་གསར་བ་ཞིག་ཡིན་པ་གཏན་འཁེལ་བྱས་པ་མ་ཟད། ཉིང་ཁྲི་གྲོང་ཁྱེར་གྱི་མིང་བཏགས་ནས་--ཉིང་ཁྲིའི་ལོ་མའི་སྣ་མ་(Neottia linzhiensis)ཞེས་བཏགས། ཞིབ་འཇུག་གི་གྲུབ་འབྲས་དེ་རྒྱལ་སྤྱིའི་རྩི་ཤིང་རིགས་དབྱེ་རིག་པའི་དུས་དེབ་ཐོག་སྤེལ་ཡོད་པ་རེད།


རྩོམ་སྒྲིག་པ། ལྷ་འབྲུག