ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ།

ས་ཡོམ་གྱིས་བྱེ་མ་འཕྱུར་བཅུག་དོན་ཅི་ཡིན་པའི་ཐད།

སྤེལ་དུས 2023-12-25 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
          ད་ཐེངས་ཀན་སུའུ་ཅི་ཧྲི་ཧྲན་དུ་ས་ཡོམ་རིམ་པ་6.2བརྒྱབ་པ་དང་། ས་ཡོམ་གྱི་ལྟེ་བ་དེ་མཚོ་སྔོན་ཞིང་ཆེན་གྱི་ས་མཚམས་དང་བར་ཐག་སྤྱི་ལེ་5ཙམ་ལས་མེད་པས། མཚོ་སྔོན་གྱི་ས་ཆ་མང་པོར་ཡོམ་ཚོར་ཆེན་པོ་བྱུང་ཡོད།
          མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་རྨིན་ཧོ་རྫོང་ཀྲུང་ཁྲོན་ཞང་ཅིན་ཐེན་གྲོང་ཚོར་ས་ཡོམ་བརྒྱབ་སྟེ་ཕྱེ་མ་འཕྱུར་བའི་གནས་ཚུལ་བྱུང་ཡོད།  འོ་ན་བྱེ་མ་འཕྱུར་བ་ནི་ཡང་སྙིང་ཅི་ཞིག་རེད། དེ་གང་ནས་བྱུང་བ་རེད། དེའི་གནོད་པ་འདི་འདྲ་ཆེ་དོན་གང་ཡིན་ནམ།  ང་ཚོས་མཉམ་དུ་ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བའི་ལྟེ་གནས་ཀྱི་མཐོ་རིམ་བཟོ་བཀོད་པ་ཧན་ཡན་ཡན་གྱི་ངོ་སྤྲོད་ལ་ཉན་པར་བྱ། 
          ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བའི་ལྟེ་གནས་ཀྱི་མཐོ་རིམ་བཟོ་བཀོད་པ་ཧན་ཡན་ཡན་གྱིས། ས་ཡོམ་ཆེན་པོ་མང་པོ་བྱུང་རྗེས་ཚང་མར་“བྱེ་མ་འཕྱུར་བའི་སྣང་ཚུལ”ཐོན་གྱི་ཡོད། ས་ཡོམ་བྱུང་རྗེས། ས་ཤུན་འགུལ་བ་དང་སྦྲགས་ས་འོག་གི་ཆུ་འདྲེས་པའི་བྱེ་མ་དང་ས་གཤེར་འགྱུར་དྲག་པོ་བྱུང་བའི་སྣང་ཚུལ་ཐོན་ཡོང་། གཤེར་འགྱུར་གྱི་བྱེ་མ་རིམ་པ་དེ་རིགས་བརྒྱུད་ལམ་ངེས་ཅན་ཞིག་བརྒྱུད་དེ་བཙིར་གནོན་ཐེབས་ཚེ། ང་ཚོའི་མཐོང་སྣང་དུ་གྱུར་བའི་ཐད་ཀར་ས་ངོས་སུ་མངོན་པའི“བྱེ་མ་འཕྱུར་བའི”སྣང་ཚུལ་དེ་རེད་བརྗོད། 
          བྱེ་མ་འཕྱུར་བའི་ཚད་དང་ཆུ་འདུས་རིམ་པའི་ཆུའི་འདུས་ཚད། བཙིར་གནོན་བྱས་ནས་དབྱིབས་འགྱུར་གྱི་ཚད་དང་འབྲེལ་བ་ཡོད།  
          ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བའི་ལྟེ་གནས་ཀྱི་མཐོ་རིམ་བཟོ་བཀོད་པ་ཧན་ཡན་ཡན་གྱིས། དེ་བཙིར་ནས་དབྱིབས་འགྱུར་བའི་བརྒྱུད་རིམ་ཁྲོད། ས་འོག་ཏུ་ཆུ་འདུས་རིམ་པ་ཅུང་མང་པོ་གནས་སྲིད། བཙིར་གནོན་བྱེད་པའི་གོ་རིམ་ཁྲོད། བྱེ་མ་འཕྱུར་བ་ནི་ས་འོག་ཆུ་འདུས་ས་རིམ་གྱི་ཆུའི་འདུས་ཚད་དང་འབྲེལ་བ་ཡོད་ལ། བཙིར་གནོན་བྱས་ནས་དབྱིབས་འགྱུར་ཚད་དང་ཡང་འབྲེལ་བ་ཡོད་པས་མང་བའམ་ཉུང་བའི་སྣང་ཚུལ་ཡོད་སྲིད། བྱེ་མ་མང་ཙམ་འཕྱུར་བ་དེ་ཕྱིས་སུ་ས་ཡོམ་ཆེན་པོ་ཡོང་བའི་ངེས་པ་མེད། བྱེ་མ་འཕྱུར་བའི་སྣང་ཚུལ་མ་ཐོན་པ་དེས་ཀྱང་ཕྱིས་སུ་བདེ་འཇགས་ཡིན་པ་མི་མཚོན། འདི་གཉིས་བར་ལ་ཐད་ཀར་གྱི་འབྲེལ་བ་མེད།  དེ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད།

རྩོམ་སྒྲིག་པ། ལྷ་འབྲུག