ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ།

ཐོན་རྫས་འདི་དག་ལ་ཉེན་ཁ་ཡོད།

སྤེལ་དུས 2023-12-27 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
           ཚེས25ཉིན་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་འཕྲུལ་མི་དང་། གློག་དྲོད་དྲོད་ཆས་དང་དེ་དང་འདྲ་བའི་ཡོ་བྱད། འཁྱེར་བདེའི་གསོག་ནུས་གློག་ཁུངས་(ཕྱི་རོལ་གྱི་གློག་ཁུངས་)ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཉེན་ཟོན་དྲན་སྐུལ་ཁྱབ་བསྒྲགས་བཏང་བ་རེད། 
          ཕྱོགས་བསྡུས་དབྱེ་ཞིབ་དང་དཔྱད་དཔོག་བྱས་པ་བརྒྱུད། འཕྲུལ་མིར་ཐོན་རྫས་ཀྱི་ནུས་པ་དང་དེ་བཞིན་ཆ་འཕྲིན་བདེ་འཇགས་ཐད་སྤུས་ཚད་བདེ་འཇགས་ཀྱི་ཉེན་ཁ་ཡོད། ཐོན་རྫས་ཀྱི་ནུས་པའི་ཐད་བྱིས་པར་ཉེན་ཁ་ཡོད་པའི་བྱ་སྤྱོད་ལ་ཞིབ་དཔྱད་ཚད་ལེན་དང་། བྱིས་པ་དང་རྒན་རྒོན་འགྱེལ་བའི་ཞིབ་དཔྱད་ཚད་ལེན་སོགས་ཀྱི་ནུས་པ་སྒྲིག་སྦྱོར་བྱས་མེད་པས། དུས་ཐོག་ཏུ་ལྟ་ཞིབ་ཚོད་འཛིན་དང་རྒྱང་ཁྲིད་ལྟ་སྐྱོང་སོགས་བྱེད་ཐབས་བྲལ་བ་དང་། ཆ་འཕྲིན་བདེ་འཇགས་ཐད་ཐོན་རྫས་ཀྱི་གསང་བའི་ཨང་རྟགས་ཀྱི་བདེ་འཇགས་ནུས་པ་ཆུང་བ་དང་། བཟོ་བཅོས་རྒྱག་སྐབས་ཞིབ་བཤེར་ར་སྤྲོད་ཨང་རྟགས་མི་དགོས་པ་སོགས་ཀྱི་གནད་དོན་ཡོད་པས་སྒེར་གྱི་ཆ་འཕྲིན་ཕྱིར་གྱར་བའི་ཉེན་ཁ་ཡོད། 
          གློག་དྲོད་དྲོད་ཆས་དང་རིགས་འདྲའི་ཡོ་བྱད་ཚ་དྲགས་ན་འཚིག་རྨས་བཟོ་ཉེན་ཡོད། ཚ་གཏོང་ཕྱི་ངོས་ཀྱི་སྲ་ཤེལ་འཕྲུལ་ཆས་ཀྱི་མཁྲེགས་ཚད་ཞན་པས་གློག་འཁྱུད་དང་འདྲེད་རྨས་ཀྱི་ཉེན་ཁ་ཡོད། གློག་གཅོད་རྒྱུ་ཆའི་འབར་འགོག་ནུས་པ་ཞན་པས་མེ་སྐྱོན་འབྱུང་བའི་ཉེན་ཁ་ཡོད། གློག་ལྡན་ལྷུ་ལག་གི་འགོག་སྲུང་དང་གྲུབ་ཆའི་རིགས་ལ་སྤུས་ཚད་བདེ་འཇགས་ཀྱི་ཉེན་ཁ་ཡོད་པས་གློག་འཁྱུད་ཉེན་དང་མེ་ཤོར་ཉེན་ཡོད། 
          འཁྱེར་བདེའི་གསོག་ནུས་གློག་ཁུངས་(ཕྱི་རོལ་གྱི་གློག་ཁུངས་)ལ་ནུས་ཚད་ཕྱིར་གཏོང་ཐད་དུ་མཆན་རྟགས་བརྒྱབ་མེད་པའམ་རྟགས་རྫུན་མ་བཀོད་པའི་ཉེན་ཁ་ཡོད་པས། བདེ་འཇགས་ཡོང་གཞིར་གློག་འཁྱུད་དེ་འཚིག་རྨས་བཟོ་ཉེན་དང་མེ་ཤོར་བ་སོགས་ཀྱི་ཉེན་ཁ་ཡོད།


རྩོམ་སྒྲིག་པ། ལྷ་འབྲུག