ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ། > ཚ་ཤོས།

མཚོ་བོད་མཐོ་སྒང་དུ་ལོ་ངོ་དུང་ཕྱུར2དང་བྱེ་བ2སྔོན་གྱི་ཉ་ཆེན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད།

སྤེལ་དུས 2023-10-19 ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། རྩོམ་པ་པོ།

          2023ལོར་ཀྲུང་གོའི་ཚན་ཞིབ་རུ་ཁག་གིས་ཇོ་བོ་དབུ་ཡག་གི་རྒྱུད་དུ་ཚན་རིག་རྟོག་ཞིབ་བྱེད་སྐབས།  ལོ་དུང་ཕྱུར་གཉིས་དང་བྱེ་བ་གཉིས་སྔོན་གྱི་སུམ་བརྩེགས་དུས་སྐབས་དུས་མཇུག་(三叠纪晚期)གི་ས་རིམ་ནང་དུ་ཉ་ཆེན་ཧྲ་ཡུས་(鲨鱼)ཀྱི་འགྱུར་རྡོ་རྙེད་པས།  སྐབས་དེ་དུས་ཀྱི་རྒྱ་མཚོ་ཆེན་པོའི་སྐྱེ་ཁམས་འབྲེལ་རྒྱུན་རིམ་པ་དྲུག་པའི་ཁྲོད་ཆད་པའི་རིམ་པ་གཉིས་པ་དེ་ཁ་གསབ་ཐུབ་པ་བྱུང་ཡོད། གཞན་ཚན་ཞིབ་རུ་མི་རྣམས་ཀྱིས་མདོ་དབུས་མཐོ་སྒང་དུ་གཟུགས་འགྱུར་རྭ་འདྲའི་(异形菊石化石)འགྱུར་རྡོ་ཡང་རྙེད་པས། དེས་སྐྱེ་དངོས་ཆགས་འཇུག་ཆེན་པོ་ཐེངས་ལྔ་པ་མ་བྱུང་སྔོན་གྱི་སྐྱེ་དངོས་རིགས་འགའི་སྐྱེ་རྒྱུད་འཁྲུགས་ཚུལ་མངོན་པ་གཞུང་ཕྱོགས་ཀྱི་གསར་ལམ་ཁག་ནས་བསྒྲགས་ཡོད་པ་རེད།


          ཇོ་བོ་དབུ་ཡག་དང་ཤི་ཤ་སྤང་མ་གཉིས་ནི་ཧི་མ་ལ་ཡའི་རི་རྒྱུད་ཁྲོད་གྲགས་ཆེ་བའི་མཚོ་འཕགས་སྨི་སྟོང་བརྒྱད་ཡན་གྱི་རི་བོ་གཉིས་ཡིན།  ཉེ་ལམ་ཀྲུང་གོའི་ཚན་རིག་གླིང་དང་། ཁྲེང་ཏུའུ་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་བཅས་ཀྱིས་གྲུབ་པའི་གནའ་པའི་སྐྱེ་དངོས་ཚན་ཞིབ་ཡན་ལག་རུ་ཁག་གིས་རི་ཁུལ་དེའི་གཉིས་སུ་འགྱུར་རྡོ་འཚོལ་ཞིབ་བྱས་པའི་ཁྲོད། ཇོ་བོ་དབུ་ཡག་གི་རྒྱུད་དུ་ལོ་ངོ་བྱེ་བ་བདུན་སྔོན་གྱི་དཀར་རག་དུས་སྐབས་མཇུག་ཙམ་(白垩纪末期)གྱི་ས་རིམ་ལས་གཟུགས་འགྱུར་རྭ་འདྲ་རྙེད་པར་མ་ཟད།  ལོ་དུང་ཕྱུར2དང་བྱེ་བ2སྔོན་གྱི་སུམ་བརྩེགས་དུས་སྐབས་མཇུག་ཙམ་གྱི་ས་རིམ་ལས་ཉ་ཆེན་ཧྲ་ཡུས་ཀྱི་འགྱུར་རྡོ་ཡང་རྙེད་ཚུལ་དང་། ཇོ་བོ་དབུ་ཡག་གི་མཚོ་འཕགས་སྨི4800ལྷག་གི་མཚམས་སུ་ད་དུང་སྐྱེར་བ། ཚར་འབྲུམ། གསོམ་སྡོང་སོགས་ཀྱི་འགྱུར་རྡོ་རྙེད་ཚུལ་གཞུང་ཕྱོགས་ཀྱི་གསར་ལམ་ཁག་ནས་བསྒྲགས་འདུག་ལ། ཆེད་མཁས་པས་བརྗོད་པ་ལྟར་ན་དེ་ནི་ད་ནས་ཡར་དེད་ན་ལོ་ས་ཡ་ལྔའི་སྔོན་གྱི་དུས་གསར་གོང་མའི་སྔ་དུས་སུ་གནས་འདིར་ས་མཐོའི་གསོམ་སྡོང་རིགས་ཀྱི་ནགས་ཚལ་ཆགས་མྱོང་བ་དཔག་ཐུབ་ཚུལ་བརྗོད་ཡོད།


          དེ་མིན་ཤི་ཤ་སྤང་མའི་རི་རྩེ་ཡི་མཚོ་འཕགས་སྨི6000གི་མཚམས་སུ་བེ་ཤིང་གི་ལོ་མའི་འགྱུར་རྡོ་རྙེད་པ་དང་། དེ་ནི་ཧི་མ་ལ་ཡའི་རི་རྒྱུད་ཡར་འཕགས་པར་ཞིབ་འཇུག་ལ་བདེན་དཔང་གསར་པ་ཞིག་མཁོ་འདོན་ཐུབ་ཡོད་ཚུལ་སྐོར་ཡང་བསྒྲགས་འདུག 

རྩོམ་སྒྲིག་པ། ལྷ་འབྲུག