ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ། > གསར་ཤོས།

རྟགས་མེད་ནད་དུག་འགོས་མཁན(无症状感染者)ཞེས་པ་ནི་ཅི་ཡིན་ནམ།

སྤེལ་དུས 2022-04-18 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          རྒྱལ་ཁབ་ཀྱི་ཚད་གཞི་ལྟར་ན། རྟགས་མེད་ནད་དུག་འགོས་མཁན་ཞེས་པ་ནི་པྲོག་གསར་ནད་དུག་གི་ནད་ཁུངས་རིག་པ་ཡིས་བརྟག་དཔྱད་ཚད་འཇལ་བྱས་ན་གདགས་གཤིས་སུ་སྣང་ནའང་། དངོས་བཅོས་སྐབས། པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཅི་ཡང་མེད་པ་ལ་ཟེར་བ་ཡིན།
          རྟགས་མེད་ནད་དུག་འགོས་མཁན་ལ་འགོས་གཤིས(传染性)ཡོད་དམ།
          ཡོད་དེ། ནད་འཕར་བ་དང་བསྟུན་ནས། རྟགས་མེད་ནད་དུག་འགོས་མཁན་སྐོར་ཞིག་ལ་དངོས་བཅོས་སྐབས་ནད་རྟགས་བྱུང་སྟེ་གཏན་འཁེལ་ནད་པ(确诊病例)ལ་འགྱུར་བར་མ་ཟད། ད་དུང་རྟགས་མེད་ནད་དུག་འགོས་མཁན་ལ་འགོས་གཤིས་ཀྱང་ཡོད། དེར་བརྟེན། རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་ལྟར་ན། རྟགས་མེད་ནད་དུག་འགོས་མཁན་ལའང་ཉེ་བཅར་མཁན(密接者)དང་བརྒྱུད་བཅར་མཁན(次密接者)གྱི་གྲལ་བཤེར(排查)དང་། ཉེན་ཁ་ཆེ་བའི་མི་ཚོགས་ལ་ཚགས་བཤེར།(筛查) དེ་བཞིན་འབྲེལ་ཡོད་ས་གནས་ལ་དོ་དམ་ཚོད་འཛིན་བཅས་ཀྱི་བྱེད་ཐབས་སྤྱོད་དགོས།
          རྟགས་མེད་ནད་དུག་འགོས་མཁན་གྱི་ཉེ་བཅར་མཁན་དང་བརྒྱུད་བཅར་མཁན་ལའང་གཏན་འཁེལ་ནད་པའི་ཉེ་བཅར་མཁན་དང་བརྒྱུད་བཅར་མཁན་ལྟར་བྱེད་ཐབས་འདྲ་མཚུངས་སྤྱད་ནས་དོ་དམ་ཚོད་འཛིན་དང་ཚགས་བཤེར་བྱ་དགོས།
          རྟགས་མེད་ནད་དུག་འགོས་མཁན་ལ་གསོ་བཅོས་བྱ་དགོས་སམ།
          མིག་སྔར། རྟགས་མེད་ནད་དུག་འགོས་མཁན་ལ་དམིགས་བསལ་གྱི་གསོ་བཅོས་བྱ་མི་དགོས། འབྱུང་འགྱུར་དུ། ནད་དུག་འགོག་པའི་འདུས་རྡུལ་ཆུང་ངུའི་སྨན་རྫས་ཁྲོམ་རར་བྱུང་ན། རྟགས་མེད་ནད་དུག་འགོས་མཁན་ལ་དམིགས་ཏེ་བེད་སྤྱོད་བྱེད་ཀྱང་སྲིད། མིག་སྔའི་དུས་ལ། རྟགས་མེད་ནད་དུག་འགོས་མཁན་གྱིས་ངལ་གསོ་ལེགས་པོ་བྱས་ཏེ་རང་ཉིད་ཀྱི་བདེ་ཐང་སླར་གསོ་བྱ་དགོས་པ་ཡིན།
          རྟགས་མེད་ནད་དུག་འགོས་མཁན་གྱི་བསྡུར་ཚད་ནི་རྒྱུ་རྐྱེན་གང་དག་ལ་འབྲེལ་བ་ཡོད་དམ།
          ནད་ཁུངས་རིག་པའི་ཁྱད་ཆོས་དང་ལུས་པོའི་རིམས་འགོག་ནུས་པ། འགོག་སྨག་བརྒྱབ་པའི་གནས་ཚུལ། ཤེས་རྟོགས་བྱུང་ཚུལ་སོགས་ལ་འབྲེལ་བ་ཡོད།
          མིག་སྔར་རྟགས་མེད་ནད་དུག་འགོས་མཁན་ནི་གཏན་འཁེལ་ནད་པ་ཡི་ཁོངས་སུ་བཅུག་མེད་དོན་ཅི་ཡིན་ནམ།
          མི་ཁ་ཤས་ལ་ཚོད་ལྟ་ཁང་དུ་བརྟག་དཔྱད་ཚད་འཇལ་བྱས་ན་གདགས་གཤིས་ཡིན་པ་ལས་པྲོག་གསར་ནད་དུག་འགོས་པ་མཚོན། ཡིན་ནའང་། མི་དེ་ཚོ་ལ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཅི་ཡང་མེད་སྟབས། གཏན་འཁེལ་ནད་པའི་ཁོངས་སུ་བརྩི་མི་རུང་།
          རེས་སྐོར་འདིའི་པྲོག་གསར་རིམས་ནད་མཆེད་པའི་ཁྲོད་དུ་རྟགས་མེད་ནད་དུག་འགོས་མཁན་གྱི་བསྡུར་ཚད་མཐོ་དོན་ཅི་ཡིན་ནམ།
          འདི་ལ་རྒྱུ་རྐྱེན་གསུམ་ཡོད་དེ།
          ཀ ཨོ་སྨི་ཁི་རོན་གཞན་འགྱུར་དུག་རྐང་ནི་ལྟོས་བཅས་ཀྱི་འཇམ་གཤིས་ཡིན་པ།
          ཁ འགོག་སྨན་གྱི་ཕན་ནུས་ཐོན་པ་སྟེ། འགོག་སྨན་བརྒྱབ་རྗེས་ནད་དུག་འགོས་པ་ཡིན་ན། ནད་བབ་ཡང་བའི་བསྡུར་ཚད་ཕལ་ཆེར་མཐོ་བ་དང་། ཐ་ན་ནད་རྟགས་ཀྱང་མེད་པ།
          ག ནུས་ལྡན་གྱི་འགོག་སྲུང་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་ནད་དུག་འགོས་ཀྱང་འཕྲལ་མར་ཤེས་ཏེ་ནད་བབ་ཇེ་ལྕིར་འགྲོ་རུ་མི་འཇུག་པ་བཅས་སོ།
          རྟགས་མེད་ནད་དུག་འགོས་མཁན་ཇེ་མང་དུ་གྱུར་ན་སྤྱི་པའི་ས་ཆ་ནས་རང་ཉིད་ལ་སྲུང་སྐྱོབ་ཇི་ལྟར་བྱེད་དམ།
          ཀ རང་ཉིད་སྲུང་སྐྱོབ་དང་བདེ་ཐང་འགོག་སྲུང་གི་འདུ་ཤེས་ཇེ་ཆེར་གཏང་དགོས།
          ཁ ལག་པ་བཀྲུ་རྒྱུ་དང་། གོམ་པ་གང་གི་བར་ཐག་འཇོག་པ། སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་བ། དུག་སེལ་གཙང་སྦྲ་བྱེད་པ་བཅས་རྒྱུན་འཁྱོངས་བྱ་དགོས།
          ག ཟ་མ་བགོ་བ་སོགས་བདེ་ཐང་གི་འཚོ་བའི་རོལ་སྟངས་རྒྱུན་འཁྱོངས་དང་། སྤྱི་པའི་དངོས་པོ་སོགས་ལ་ཐུག་རེག་བྱས་ན། ལག་པ་བཀྲུས་རྗེས་ཁ་ཐུམ་འཕུད་པ་སོགས་བྱ་དགོས།
          ང ལག་པའི་ཁྲུས་ཆུ་དང་འདག་རྫས་སོགས་སྤྱད་ནས་སྐར་ཆ15ཙམ་ལ་ལག་པ་འཁྲུད་པ་དང་། ལག་པ་ཡིས་ཁ་དང་མིག སྣ། ཁ་ཐུམ་བཅས་ལ་ཐུག་རེག་བྱེད་པ་བརྒྱུད་ནས་ནད་དུག་འགོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་བ་བཅས་བྱ་དགོས།
རྩོམ་སྒྲིག་པ། བསྟན་ཆོས།