ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ། > གསར་ཤོས།

ཁུང་འབྲུག་གི་སྒོ་ངའི་ཚང་ཞིག་རྙེད་འདུག

སྤེལ་དུས 2023-11-13 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
          གསར་འགོད་པས་ཚེས་9ཉིན་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་ས་གཤིས་སློབ་ཆེན་(ཝུའུ་ཧན་)དང་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་། གནའ་བོའི་མིའི་རིགས་ཞིབ་འཇུག་སུའོ། ཀུའེ་ཀྲོའུ་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་སོགས་སྡེ་ཚན་ནས་ཡོང་བའི་ཞིབ་འཇུག་མི་སྣས་ཀུའུ་ཀྲོའུ་ཞིང་ཆེན་ཨན་ཧྲུན་གྲོང་ཁྱེར་ཕིང་པ་ཆུས་ནས་ལོ་དུང་ཕྱུར་1.9གོང་སྦས་པའི་ཁུང་འབྲུག་འགྱུར་རྡོའི་ཚོགས་པ་ཞིག་རྙེད་པ་རེད། ཁུང་འབྲུག་གི་འགྱུར་རྡོ་ཚོགས་འདིའི་ནང་དུ་མ་མཐའ་ཡང་ཁུང་འབྲུག་དར་མ་གསུམ་དང་སྦྲུམ་རྟེན་སྒོ་ང་ལྔ་འདུས། དེ་དག་ནི་དངོས་རིགས་གཅིག་ལ་གཏོགས། 

          འདི་ནི་ཀྲུང་གོས་གསར་རྙེད་བྱུང་བའི་ཆེས་སྔ་བའི་ཁུང་འབྲུག་སྒོང་ཚང་ཡིན་ལ། མིག་སྔར་འཛམ་གླིང་སྟེང་ཆེས་སྔ་བའི་ཁུང་འབྲུག་སྒོ་ང་དང་གཟུགས་སུ་གྲུབ་ནས་མཉམ་དུ་ཉར་ཚགས་བྱས་པའི་ཁུང་འབྲུག་འགྱུར་རྡོའི་ཚོགས་པ་ཡང་ཡིན། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་དྲ་ཐོག་ཏུ་《རྒྱལ་ཁབ་ཀྱི་ཚན་རིག་དཔྱད་གཏམ་》སྟེང་བཀོད་ཡོད།  


རྩོམ་སྒྲིག་པ། ལྷ་འབྲུག