ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ། > གསར་ཤོས།

གསེར་སྐྱེམས་ལ་ནས་ཤེས་རྟོགས་བྱུང་གསལ།

སྤེལ་དུས 2023-11-15 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
          ཉེ་ཆར། བོད་ལྗོངས་ཞིང་འབྲོག་སློབ་གླིང་ས་མཐོའི་སྐྱེ་ཁམས་ཞིབ་འཇུག་ཁང་། བོད་ལྗོངས་ཉིང་ཁྲིའི་རི་མཐོའི་ནགས་ཚལ་སྐྱེ་ཁམས་མ་ལག་རྒྱལ་ཁབ་ཕྱི་རོལ་གྱི་ཚན་རིག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་ཀྱི་དགེ་རྒན་ཆེན་མོ་ཧྥན་ལི་ཆིང་གིས་ཚོགས་པའི་སྣེ་ཁྲིད་དེ་གསེར་སྐྱེམས་ལའི་སྲོག་ཆགས་ལྟ་ཞིབ་ཚད་ལེན་བྱས་པའི་དམར་ཕྱིའི་པར་ཆས་ཀྱི་དཔྱད་གཞིའི་ཡིག་རིགས་ལེགས་སྒྲིག་དང་བསྡུ་ལེན་བྱེད་སྐབས། སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གསའ་དང་གཟིག་ཆུང་། སྤྲེའུ་ངོ་དཀར་སོགས་རྙེད།

          གསའ་ནི་བྱི་ལའི་རིགས་ཚན་གྱི་སྲོག་ཆགས་ཆེ་གྲས་ཤིག་ཡིན་པ་དང་། རྒྱལ་ཁབ་ཀྱི་སྲུང་རིམ་དང་པོའི་གཙོ་གནད་སྲོག་ཆགས་དང་། སྟོངས་ལ་ཉེ་བའི་སྲོག་ཆགས་རིགས་ཤིག་རེད། གསའ་ནི་ཨེ་ཤ་ཡའི་རི་མཐོའི་སྐྱེ་ཁམས་མ་ལག་གི་སྲོག་ཆགས་རིགས་གཙོ་བོ་ཞིག་རེད། 

          གཟིག་ཆུང་ནི་རྒྱལ་ཁབ་ཀྱི་སྲུང་རིམ་པ་དང་པོའི་གཙོ་གནད་སྲོག་ཆགས་དང་། སྟོངས་ལ་ཉེ་བའི་སྲོག་ཆགས་རིགས་ཤིག་རེད། རང་རྒྱལ་དུ། གཟིག་ཆུང་ནི་ཀྲུང་ཧྭ་ལྷོ་རྒྱུད་དང་ལྷོ་ནུབ་ཏུ་ཡོད། 

          ངོ་དཀར་སྤྲེའུ་ནི་རང་རྒྱལ་གྱི་མཁས་དབང་གིས་2015ལོར་མེ་ཏོག་ནས་རྙེད་པའི་སྐྱེ་དངོས་གསར་པ་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་སྲུང་རིམ་གཉིས་པའི་གཙོ་གནད་སྲོག་ཆགས་ཡིན་ཞིང་། སྟོངས་ཉེའི་སྲོག་ཆགས་ཤིག་རེད། 
          ཀུང་ཧྲན་རི་བོའི་ཅེ་ཙེ་ནི་གཟུགས་དབྱིབས་འབྲིང་བའི་ཤ་བའི་རིགས་ཤིག་ཡིན་ཞིང་། རྒྱལ་ཁབ་ཀྱི་སྲུང་རིམ་གཉིས་པའི་གཙོ་གནད་སྲོག་ཆགས་དང་། སྟོངས་ལ་ཉེ་བའི་སྲོག་ཆགས་རིགས། ཁེར་རྐྱང་མཚན་མོར་འགུལ་བར་དགའ་ཞིང་། ཆ་རྒྱུས་ཆུང་བའི་རྨིག་པ་ཅན་གྱི་སྲོག་ཆགས་གྲས་ཤིག་རེད། 
 
          རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་གོང་གསལ་བདག་མེད་སྲོག་ཆགས་ཤེས་རྟོགས་བྱུང་བ་དེས་གསེར་སྐྱེམས་ལའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་བདག་མེད་སྲོག་ཆགས་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ཁ་གསབ་བྱས་ནས། ས་ཁོངས་དེའི་རི་ཁུལ་གྱི་སྐྱེ་ཁམས་མ་ལག་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུར་རྩ་ཆེའི་བརྙན་ཕབ་དཔྱད་གཞི་དང་གཞི་གྲངས་མཁོ་འདོན་བྱས་ཡོད་པ་རེད།


རྩོམ་སྒྲིག་པ། ལྷ་འབྲུག