དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

བགྲང་བྱ་24རིང་ས་བབ་མཐོ་ཚད་སྨི་5374ཡི་ལས་གནས་བརྟན་སྲུང་བྱས་པ།

སྤེལ་དུས 2021-02-02 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
            གྲང་རླུང་འུར་འུར་དུ་ལྡང་ཞིང་། མཁའ་དབྱིངས་སུ་སྐར་ཚོགས་ཀྱིས་ཁེངས། ཐོ་རེངས་ཆུ་ཚོད་དྲུག་པ་ཙམ་ལ། ཝང་ཧྲེང་ཆོན་གྱིས་བོད་ལྗོངས་གམ་པ་ལའི་ལེ་ཏ་ས་ཚིགས་སུ་ཉིན་གཅིག་གི་ལས་ཀ་འགོ་ཚུགས། 1997ལོའི་ཟླ་7ཚེས་28ཉིན་གམ་པ་ལར་སླེབས་པ་ནས་བཟུང་ལོ་47ལ་སླེབས་པའི་ཝང་ཧྲེང་ཆོན་གྱིས་ས་བབ་མཐོ་ཚད་སྨི་5374ཟིན་པའི་ལེ་ཏ་ས་ཚིགས་ལ་བགྲང་བྱ་24ཙམ་རིང་ལས་གནས་བརྟན་སྲུང་བྱས་ནས་བསྡད།
            ཀྲོང་ངེར་འགྱིང་པའི་རི་སྟེང་ལ་སྐས་རིམ་84ཀྱག་ཀྱོག་ངང་ཐག་རིང་དུ་བསྲིངས་ནས་དམག་སྒར་དང་ལེ་ཏ་ས་ཚིགས་ཕན་ཚུན་སྦྲེལ་ཞིང་། ཝང་ཧྲེང་ཆོན་དང་འཐབ་འཛིང་པ་ཚོས་ཉིན་ལྟར་རི་ལམ་དེ་བརྒྱུད་ནས་ལས་རེས་དང་སྐོར་གཡེང་ཇི་ཙམ་བྱས་པ་ཤེས་ཐབས་བྲལ། དེར་གསོ་རླུང་འདུས་ཚད་གཤོངས་ས་ཁུལ་གྱི་40%ལས་མེད་ཅིང་། ཝང་ཧྲེང་ཆོན་གྱིས“འདི་གར་གོམ་པ་སྤོས་ནས་འགྲོ་བ་ནི་གཤོངས་སར་ཁུར་པོ་སྤྱི་རྒྱ་40ཁུར་ནས་འགྲོ་བ་དང་གཉིས་སུ་མེད”ཅེས་བཤད།
            ཐོ་རེངས་སྐྱ་མདའ་གཏོང་བའི་སྐབས་གམ་པ་ལ་ནས་རི་གཤམ་དུ་ལྟ་བའི་ཚེ། གསར་དུ་བཏིང་བའི་ཨར་འདམ་ལམ་ནི་རི་སྐེད་དུ་དངུལ་མདོག་གི་དར་དཀར་བཅིངས་པ་བཞིན་གསལ་ལ་མི་གསལ་ཞིག་མངོན། ཝང་ཧྲེང་ཆོན་གྱིས་ཐོག་མར་དེ་གར་སླེབས་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱས་ཤིང་། ཁོང་གིས་བརྗོད་དོན། རི་སྟེང་ལ་ལམ་མེད་ལ་རླངས་འཁོར་ཐང་རྒོད་ཆེན་པོ་སྒྲོལ་སྐབས་གང་སར་ཐལ་བས་ཁེངས་པ་དང་རླངས་འཁོར་ལ་འཁྲུག་ཧ་ཅང་ཆེན་པོ་ཡོད། ལེ་ཏ་ས་ཚིགས་སུ་སླེབས་རྗེས་ལ་དུག་བརྒྱབ་ནས“ཟས་བཟའ་མི་ཐུབ་པ་དང་། གཉིད་ཐེབས་ཀྱང་ཆག་པ་མ་ཟད། མགོ་གས་པ་ལྟར་ཟུག་རྒྱག་པ་དང་བྲང་ཁར་རྡོས་བསྣན་པ་བཞིན་དབུགས་གཏོང་དཀའ་བས་མཁྲིས་པའང་སྐྱུག་གྲབས་བཞིན་ཞེ་མེར་ཆེན་པོ་ལྡང”གི་འདུག
            ཝང་ཧྲེང་ཆོན་གྱིས་བརྗོད་དོན། “ལམ་ཁ་སོ་སོས་བདམས་པས་གནོང་འགྱོད་མེད” ཁོ་བོ“མིག་དཔེའི་ལེ་ཏ་ས་ཚིགས”དང“དཔའ་བོའི་ལེ་ཏ་ས་ཚིགས”ཀྱི་མཚན་སྙན་ཐོབ་པའི་གམ་པ་ལར་འགྲོ་འདོད་ཆེན་པོ་ཡོད་པས་མཛུབ་མོ་བརྟོལ་བའི་ཁྲག་གིས“ཁོ་བོ་རང་མོས་ངང་བོད་ལ་བསྐྱོད་རྒྱུའི་ཞུ་ཡིག་འབུལ་རྒྱུ་ཡིན། རྒྱལ་སྲུང་ལ་ལེགས་སྐྱེས་ཕུལ་ཏེ་ཁྱིམ་གཞིས་དང་རྒྱལ་ཁབ་སྲུང་འདོད་ཡོད”ཅེས་བྲིས་པ་ཡིན།
            ལས་རེས་དང་སྐོར་གཡེང་ཕུད། ཝང་ཧྲེང་ཆོན་གྱིས་ད་དུང་འཕྲུལ་ཆས་ལ་སྐྱོན་ཤོར་བ་བཟོ་བཅོས་རྒྱག་པའི་འགན་འཁུར་གྱི་ཡོད། ཐེངས་ཤིག་ལེ་ཏའི་འཁོར་རྟེན་གློ་བུར་དུ་འགགས་པས་ཝང་ཧྲེང་ཆོན་གྱིས་འཐབ་འཛིང་པ་ཁྲིད་དེ་གྲང་ཟུག་ཆེ་བའི་རླུང་བུའི་ཁྲོད་བཟོ་བར་ཕྱིན་ནས་ཉིན་བཅུ་གྲངས་འགོར་ཞིང་། ས་བབ་མཐོ་ཞིང་གྲང་ངར་ཆེ་བ་དང་གསོ་རླུང་དཀོན་པའི་ཁར། ལུས་པོའི་ཤེད་ཤུགས་རྫོགས་ནས་ཝང་ཧྲེང་ཆོན་ཚ་བ་རྒྱས་པ་རེད། “ས་མཐོར་ཆམ་པ་ཚབས་ཆེན་པོ་བརྒྱབ་ཚེ་སྲོག་ལ་ཉེན་ཁ་ཡོད་པས། རང་མགྱོགས་མྱུར་སྨན་བཅོས་བྱེད་པར་ཕྱིན་ཏེ་ངལ་གསོ་རྒྱོབས”ཞེས་བཀོད་འདོམས་པས་བཀའ་དེ་ལྟར་བཏང་ནའང་ཝང་ཧྲེང་ཆོན་གྱིས་ཨུ་ཚུགས་ཀྱིས་ལས་གནས་བརྟན་པོ་བསྲུངས་ཏེ“གནས་ཚུལ་དེར་ཁོ་བོ་རྒྱུས་མངའ་ཆེ་བས། འགག་རྩའི་དུས་སུ་ཕྱིར་འཐེན་བྱས་ན་མི་འགྲིག”ཅེས་བཤད་པ་དང་། མཐར་འཕྲུལ་ཆས་ཉམས་བཟོ་ཐུབ་ནའང་ཝང་ཧྲེང་ཆོན་གྱི་གཟུགས་པོའི་ལྗིད་ཚད་རྒྱ་མ་ཉི་ཤུ་ཙམ་ཆག་ཡོད།
            གམ་པ་ལར་བགྲང་བྱ་20ལྷག་ཙམ་བཅའ་སྡོད་བྱེད་རིང་། ཝང་ཧྲེང་ཆོན་གྱིས་རིགས་མི་འདྲ་བའི་ལེ་ཏ་མང་པོར་སྐྱོན་མི་ཤོར་བའི་འགན་ལེན་བྱས་མྱོང་ལ། རང་རྒྱལ་གྱིས་བཟོས་པའི་དམག་འཐབ་གནམ་གྲུ་གསར་པ་ས་མཐོར་ཞིབ་དཔྱད་ར་སྤྲོད་ཀྱི་ཚོད་ལྟའི་འཕུར་སྐྱོད་དང་ཉེན་ཟོན་སྐོར་གཡེང་གི་མཁའ་ལམ་གསར་པ་སྐྲུན་པ་སོགས་ཀྱི་འགན་ལེན་ལས་འགན་གལ་ཆེན་བཅུ་གྲངས་ནང་ཞུགས་མྱོང་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།