དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

འབད་འབུངས་བྱས་པར་གཡུར་ཟའི་འབྲས་བུ་བཏགས། མངའ་རིས་ཁུལ་དུ་རྣམ་པ་གསར་པ་མངོན།

ལོ་ལྔའི་རིང་གི་མངའ་རིས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་སྒྲིལ་གླེང་།

སྤེལ་དུས 2021-01-14 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          སྒར་རྫོང་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་གི་དྲོད་ཁང་ཆེ་མོར་སྐྱོད་སྐབས། གཙོ་ཚོ་ཤང་གི་འབྲོག་པ་རྒྱལ་པོ་རྩི་ཤིང་གི་སྡོང་ཕྲུག་ལ་གཡོག་བྱེད་བྱེད་བཞིན་འདུག ཁོང་གི་ལག་རྩལ་བྱང་ཆུབ་ལོས་དེར་བལྟས་ན། སྔོན་ཆད་ཁོང་ནི་འབྲོག་ཁུལ་གྱི་ལུག་རྫི་ཞིག་ཡིན་པ་བསམ་བློར་འཁོར་མི་སྲིད།
          ཤེས་རྟོགས་བྱུང་བར་གཞིགས་ན། སྒར་རྫོང་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་ནི་བདེ་སྐྱིད་གྲོང་གསར་གྱི་ལེ་ལག་ཚང་བའི་ཐོན་ལས་རྣམ་གྲངས་ཤིག་ཡིན་ཞིང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་9000བཏང་སྟེ་དྲོད་ཁང་ཆེ་མོ་215བསྐྲུན་ནས་མི་བརྒྱ་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད། མང་ཚོགས་གླིང་ཁུལ་དུ་ལས་ཞུགས་ཐུབ་ནས་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། ཁོང་ཚོར་ཆེད་ལས་ཀྱི་གསོ་སྦྱོང་ཡང་བྱས་པས་འདེབས་འཛུགས་ལག་རྩལ་ཁོང་དུ་ཆུད་ཡོད།
          “ང་ལ་འདི་ནས་ཟླ་རེར་གླ་ཆ་སྒོར་6000སྤྲོད་ཀྱི་འདུག་པས་ངས་གོ་སྐབས་དེར་གཅེས་སྤྲས་ལྡབ་བརྒྱ་བྱས་ཏེ་དགེ་རྒན་གྱི་ས་ནས་སློབ་སྦྱོང་མང་ཙམ་བྱ་རྒྱུ་ཡིན་ལ། སླད་ཕྱིན་སོ་སོའི་འཇོན་ཐང་ལ་བརྟེན་ནས་ཁྱིམ་ཚང་གི་འཚོ་བ་ཇེ་ཡག་ཏུ་གཏོང་རྒྱུ་ཡིན”ཞེས་རྒྱལ་པོས་འཛུམ་དམུལ་དམུལ་ངང་བཤད་བྱུང་།
          རྒྱལ་པོའི་གཏམ་རྒྱུད་ནི་མངའ་རིས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་བསྡུས་རིས་ཤིག་རེད། 2016ལོ་ནས་བཟུང་། མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱིས་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཡག་པོ་བཅས་བྱས་ཡོད།
          ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ།
          མངའ་རིས་ས་ཁུལ་གྱི་ས་ཁུལ་དང་། རྫོང་། ཤང(གྲོང་རྡལ)བཅས་རིམ་པ་གསུམ་ཚང་མར་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་པ་གཙོ་བོས་སྣེ་ཁྲིད་བྱས་པའི་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དབུལ་སྒྲོལ་འགག་སྒྲོལ་གྱི་བཀོད་འདོམས་མ་ལག་བཙུགས་ཏེ། སྲིད་འཛིན་ཀུང་ཧྲུའི་ཀྲོན་ཡོན་གྱི་གཞུང་དོན་ཚོགས་འདུ་ཐེངས་71དང་། བཀོད་འདོམས་པུའི་ཚོགས་འདུ་ཐེངས་61 ས་ཁུལ་རང་བཞིན་གྱི་ཚོགས་ཆེན་ཐེངས་14བཅས་འཚོགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་བཀོད་སྒྲིག་བྱས་པ་དང་། ཆེད་དོན་ཚོགས་འདུ་ཐེངས་12འཚོགས་ནས་ས་ཁུལ་དང་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་མ་ཟད། གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་ཀྱང་བྱས་པ་རེད།
          “ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱིའི་འཆར་འགོད་དང་ཆེད་དོན་འཆར་འགོད་ཁག་9སྒྲིག་བཟོ་ལེགས་སྒྲུབ་བྱས་པ་དང་། དབུལ་སྐྱོར་ལས་དོན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་129བཟོས་ནས་བཏོན་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དུས་ཚོད་རེའུ་མིག་དང་། ལམ་རིས། ལས་འགན་ཡིག་ཆ་བཅས་གནད་སྨིན་ངང་བཟོས་པ། 《རིམ་པ་བཞིའི་ཧྲུའུ་ཅིས་ཁ་གཏད་དབུལ་པོར་འཚམས་འདྲི་བྱེད་པའི་གཏན་འབེབས》དང《དབུལ་སྐྱོར་མ་དངུལ་རྣམ་གྲངས་ཀྱི་ལས་རྗེས་དོ་དམ་ལམ་ལུགས》སོགས་ལམ་ལུགས་ཁག་12བཟོས་ནས་བཏོན་ཡོད།
          བྱེད་ཐབས་སྣ་མང་སྤྱད་ནས་དབུལ་སྒྲོལ་ལ་རམ་འདེགས་བྱས་པ།
          ལོ་ལྔ་ཡི་རིང་། མངའ་རིས་ས་ཁུལ་གྱིས་ལེགས་ཆ་འདོན་སྤེལ་དང་ཞན་ཆ་སེལ་རྒྱུ་མཐའ་འཁྱོངས་ཀྱིས་གསོ་ཚགས་ལས་རིགས་དང་རིག་གནས་ཡུལ་སྐོར་ལས་རིགས་སོགས་ཀྱི་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་85ཞིབ་འཇུག་གཏན་འབེབས་བྱས་པར་རགས་རྩིས་བརྒྱབ་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་14.06བཏང་ཡོད། 2020ལོའི་ཟླ་11པའི་ཟླ་མཇུག་བར། རྣམ་གྲངས་85ཚང་མ་ལས་མཇུག་འགྲིལ་བའི་ནང་རྣམ་གྲངས་82འཁོར་སྐྱོད་ཚོང་གཉེར་བྱེད་འགོ་ཚུགས་ནས་མང་ཚོགས་དབུལ་པོ་7283ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད།
          ལས་ཞུགས་གཞན་སྒྱུར་ལ་ཐོག་མཐའ་བར་གསུམ་དུ་སྐུལ་འདེད་བཏང་ཞིང་། མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཁྲོམ་རའི་དགོས་མཁོར་གཞིགས་ནས་ལས་ཞུགས་ལས་གནས་གསར་སྤེལ་ཧུར་ཐག་བྱས་པ་དང་། རིམ་རྩིས་བྱས་ན་མི་ཐེངས་ཁྲི་2ལྷག་ཙམ་ཞུགས་པའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་དུས་ཐེངས་477གཉེར་བས། ཞིང་འབྲོག་པ་ཁྲི་3.9ལྷག་ཙམ་ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་3.27བྱུང་ཡོད།
          སྤྱི་ཚོགས་ཀྱི་དབུལ་སྐྱོར་ལ་གཅིག་འདོམས་སྐུལ་འདེད་བཏང་ཞིང་། དམངས་གཉེར་ཁེ་ལས་གནད་སྨིན་དབུལ་སྐྱོར་ནང་རང་འགུལ་ངང་ཞུགས་པ་དང་། 2016ལོ་ནས་བཟུང་། དམངས་གཉེར་ཁེ་ལས་19“ཁེ་ལས་བཅུས་གྲོང་ཚོར་བཅུར་རོགས་སྐྱོར་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ནང་ཞུགས་ཏེ་རོགས་སྐྱོར་མ་དངུལ་སྒོར་ཁྲི་3133.14དོན་འཁྱོལ་བྱས་པས་མི་8018ལ་ཕན་པ་ཐོབ་ཡོད།
          བོད་སྐྱོར་དབུལ་སྐྱོར་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ཤིང་། 2016ལོ་ནས་བཟུང་། “ཞིང་ཆེན་གཉིས་དང་ཁེ་ལས་གསུམ”གྱིས་རིམ་རྩིས་བྱས་ན“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་སྐྱོར་འཆར་འགོད་རྣམ་གྲངས་ཀྱི་མ་དངུལ་ཁྱོན་སྒོར་དུང་ཕྱུར་12.82དོན་འཁྱོལ་གྱིས་བོད་སྐྱོར་དབུལ་སྐྱོར་རྣམ་གྲངས་67བཀོད་སྒྲིག་བྱས་ཏེ་མངའ་རིས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རམ་འདེཌ་བྱས་ཡོད།
          རྨང་གཞི་བརྟན་དུ་བཏང་ནས་འགན་ལེན་ལ་ཤུགས་སྣོན་བརྒྱབ་པ།
          2016ལོ་ནས་བཟུང་། རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི་མི་ཐེངས་ཁྲི་3.49ལ་སྒོར་ཁྲི་5657.18སྤྲད་པ་དང་། དམིགས་བསལ་དཀའ་ངལ་ཡོད་མཁན་མི་ཐེངས་2494ལ་བསྙེན་བཀུར་དངུལ་སྒོར་ཁྲི་1959.56སྤྲད་པ། དྭ་ཕྲུག་མི་ཐེངས་744ལ་གསོ་ཉར་དངུལ་སྒོར་ཁྲི་1178.06སྤྲད་པ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་བྱེད་འདོད་ཡོད་པ་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་འདོད་ཡོད་ཚད་100%ཟིན་ཡོད། རིམ་རྩིས་བྱས་ན་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་མི་ཐེངས་15617ལ“ཁ་གསབ་རིགས་གཉིས”ཀྱི་མ་དངུལ་སྒོར་ཁྲི་2522.64སྤྲད་ཡོད།
          2016ལོ་ནས་བཟུང་། མངའ་རིས་ས་ཁུལ་གྱིས་རིམ་རྩིས་བྱས་ན་དུད་ཚང་དབུལ་པོ་6183གྱི་མི་23159དབུལ་སྒྲོལ་ཐུབ་པ་བྱས་པ་དང་། དབུལ་པོ་ཐོན་ཚད་2015ལོའི་28.7%ནས་ད་ཆ་དབུལ་པོ་སྤྱིར་ན་མེད་པའི་བར་ཆག་པ་དང་། རྫོང་བདུན་ཚང་མ་དབུལ་སྒྲོལ་ཐུབ་པ། ས་ཁུལ་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)139ཚང་མ་དབུལ་པོའི་གནས་ལས་བསྒྲལ་ཡོད། །
རྩོམ་སྒྲིག་པ། བདེ་སྒྲོལ།