དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ས་ཆ་དེ་རང་དུ་ལོ་གསར་གཏོང་བ་དེའང་ངོ་མཚར་ལྡན་པ་ཞིག་རེད།

སྤེལ་དུས 2021-02-25 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
            དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་ས་མཐོའི་ས་གཞི་ཆེ་མོའི་གང་སར་དགའ་སྤྲོ་འཁོལ་ལ་བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པས་ཡོངས་སུ་ཁེངས། འདི་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ནི་སྔོན་ཆད་དང་མི་འདྲ་ཞིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྤྱི་ཡོངས་ཀྱི་དགོས་མཁོར་དམིགས་ནས། མ་གཞི་ཕ་ཡུལ་དུ་ལོག་སྟེ་ནང་མི་མཉམ་འཛོམས་བྱ་རྩིས་ཡོད་པའི་མི་རྣམས་ཀྱིས“ས་ཆ་དེ་རང་དུ་ལོ་གསར་གཏོང་བའི”གྲོས་འགོ་དང་ལེན་ཧུར་ཐག་ཞུས་ནས་ས་ཆ་དེ་རང་དུ་བསྡད་དེ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་རྒྱུ་རང་འགུལ་ངང་གདམ་ག་བྱས། ས་ཆ་དེ་རང་དུ་ལོ་གསར་གཏོང་བ་དེ་ནི་སྤྱི་ཡོངས་ལ་བསམ་གཞིག་བྱས་པའི་བློས་གཏོང་དང་ལེགས་སྐྱེས་འབུལ་བ་ཞིག་ཀྱང་རེད།
            ས་ཆ་དེ་རང་དུ་ལོ་གསར་གཏོང་བ་ནི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རང་འགུལ་དམག་འཐབ་ཡག་པོ་རྒྱག་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་རེད། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དགའ་སྤྲོའི་ངང་གཏོང་བར་དང་ཐོག་བདེ་ཐང་དང་བདེ་འཇགས་འགན་ལེན་བྱེད་དགོས། བདེ་ཐང་དང་བདེ་འཇགས་ལས་གལ་འགངས་ཆེ་བ་གང་ཡང་མེད་པས་བདེ་འཇགས་བྱུང་ན་མཉམ་འཛོམས་ཡོང་ངེས་རེད། ཁྱིམ་དུ་ལོག་ནས་ལོ་གསར་གཏོང་བ་ནི་ཀྲུང་གོ་བ་ཚང་མའི་སེམས་ནང་དོར་ཐབས་བྲལ་བའི་བསམ་བློ་གཏོང་ཕྱོགས་ཤིག་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྤྱི་ཡོངས་ཆེད། རང་ལྗོངས་ཀྱི་ལས་རིགས་ཁག་གི་ལས་བྱེད་ལས་བཟོ་དང་ཕྱི་ནས་ཡོང་བའི་རྒྱ་ཆེའི་ལས་མི་ཚོས་ནང་མི་མཉམ་འཛོམས་ཀྱི་གོ་སྐབས་ཡག་པོ་དེ་རང་འགུལ་ངང་དོར་ནས་དགོས་ངེས་མེད་ན་བོད་ནས་མི་བྲལ་བ་དང་དགོས་ངེས་མེད་ན་ས་ཆ་དེ་རང་དུ་བསྡད་ནས་ཉེན་ཁ་ཆེ་འབྲིང་གི་ས་ཆར་མི་འགྲོ་བ་དང་། ས་ཆ་དེ་རང་དུ་ལོ་གསར་གཏོང་བ་དེ་ཐོག་ནས་སྤྱི་ཡོངས་ཀྱི་ལྟ་བ་དང་བདག་པོའི་འདུ་ཤེས་མངོན་པ་དང་། “ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བའི”འགན་འཁྲི་འཁུར་ཕོད་པ་དང་སྒེར་སེམས་མེད་པ་ཞིག་ཡིན་པ་གང་ལེགས་མངོན་ཡོད།
            ས་ཆ་དེ་རང་དུ་ལོ་གསར་གཏོང་བ་དེ་ནི་ས་ཆ་བརྗེས་པ་ལས་ལོ་གསར་སྔར་རྒྱུན་བཞིན་གཏོང་བ་དང་ལོ་གསར་གྱི་རྣམ་པ་སྔར་བཞིན་ཟབ་མོ་ཡོད། བོད་དུ་སྡོད་པར་གལ་འགངས་ཆེ་ཤོས་ནི“སེམས་གནས་ཐུབ་པ”བྱ་རྒྱུ་དེ་རེད། ཇི་ལྟར་བྱས་ནས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་བདེ་འཇགས་འཆམ་མཐུན་ཡོང་བའི་འགན་ལེན་དང་། མི་དམངས་མང་ཚོགས་རྣམས་བདེ་འཇགས་དང་བདེ་ཐང་ཡོང་བའི་འགན་ལེན་བྱ་རྒྱུ་ནི་ང་ཚོར་འཕྲད་པའི་ཚོད་བགམ་ཞིག་རེད། ཉེ་ཆར། རང་སྐྱོང་ལྗོངས་ཀྱིས་བརྡ་ཐོ་བཏང་ནས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མང་ཚོགས་རྣམས་ས་ཆ་དེ་རང་དུ་ལོ་གསར་གཏོང་བའི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ལ་དོ་ཁུར་དམ་ཟབ་བྱས་ཏེ་མི་དམངས་མང་ཚོགས་ཚོས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་དེར་འཕྲལ་དུ་ལན་བཏབ་ནས“དུས་ཆེན་གཉིས”ཀྱི་གོང་དུ་ཞིང་པ་ལས་མིར་གླ་ཕོགས་འདང་ངེས་སྤྲོད་རྒྱུའི་འགན་ལེན་གྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་མཁོ་སྤྲོད་འགན་ལེན་ཏན་ཏིག་བྱེད་པ་དང་། དྲ་ཐོག་གི་རིག་གནས་རོལ་རྩེད་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱེད་པ། འཚམས་འདྲིའི་བྱེད་སྒོ་ཡག་པོ་སྤེལ་བ་ལ་སོགས་ཞབས་ཞུ་འགན་ལེན་གྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ལྷག་བསམ་ཟོལ་མེད་དང་དྲོ་སྐྱིད་ལྡན་པའི་ཐུགས་ཁུར་བྱེད་སྟངས་སྤྱད་དེ་ས་ཆ་དེ་རང་དུ་ལོ་གསར་གཏོང་མཁན་གྱི་མང་ཚོགས་རྣམས་སྡོད་ཐུབ་པ་དང་ལོ་གསར་ཡག་པོ་གཏོང་ཐུབ་པ་བྱས་ནས་དགའ་སྤྲོ་འཁོལ་ལ་བཀྲ་ཤིས་པའི་རྣམ་པ་གཅིག་མཚུངས་ལྡན་པར་བྱེད་པ་དང་། ལོ་གསར་གཏོང་སྟངས་མི་འདྲ་ཡང་དྲོ་སྐྱིད་དང་ངོ་མཚར་གཅིག་མཚུངས་ལྡན་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
            དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་ནས། ས་ཆ་དེ་རང་དུ་ལོ་གསར་གཏོང་རིང་དུས་བདེ་འཆམ་མཐུན་ཡོང་བར་མི་ཚང་མའི་བསམ་ཤེས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་ཐོབ་པར་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ང་ཚོ་ཚང་མས་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུ་དགོས་པ་མ་ཟད། ཚང་མར་གནས་ཡུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད། མཉམ་དུ་འགྲོ་སྐྱོད་བྱེད་པའི་དགོས་པ་མེད་རིགས་གང་ཐུབ་ཅི་ཐུབ་ངང་མཉམ་དུ་འགྲོ་སྐྱོད་བྱེད་མི་རུང་། གལ་སྲིད་ཕྱིར་སྐྱོད་དགོས་ཚེ་འཚང་གཡོལ་འགྲོ་སྐྱོད་ཐུབ་རིགས་འཚང་གཡོལ་འགྲོ་སྐྱོད་བྱེད་དགོས། རང་ངོས་འགོག་སྲུང་ཡག་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་རས་རྒྱག་པ་དང་། སྤྱི་ཚོགས་ཐོག་འབྲེལ་གཏུག་བྱེད་སྐབས་བར་ཐག་ངེས་ཅན་འཇོག་པ། ལག་པ་ཡང་ཡང་འཁྲུ་བ། རླུང་འགྲོ་ཡག་པོ་ཐུབ་པ་བཅས་ཀྱི་གོམས་གཤིས་འཇགས་པར་བྱེད་པ་དང་། རིག་པ་ལྕགས་སྐུད་བཞིན་བསྒྲིམས་ནས་ཚང་མའི་འབད་བརྩོན་བརྒྱུད། རིམས་ནད་མཆེད་པའི་ཉེན་ཁ་དམའ་ཤོས་སུ་བཏང་སྟེ། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཆེད་ང་ཚོས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།
            ས་ཆ་དེ་རང་དུ་ལོ་གསར་གཏོང་མཁན་ཚང་མར་གུས་འདུད་ཞུ་རྒྱུ་ཡིན། འདི་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་གཞན་དང་མི་འདྲ་བའི་སྤྲོ་སྣང་ཞིག་ལྡན་ངེས་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།