ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས“འཛུགས་གཏོད་བཞིའི”སྣེ་འཁྲིད་མཁན་ཧུར་ཐག་བྱེད་པ།

གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཀྲུའོ་ཧྥུང་ལ་བཅར་འདྲི་ཞུས་པ།

སྤེལ་དུས 2022-03-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་དེ་ཐོག་ནས་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མིག་ལྟོས་དང་ཏང་ཀྲུང་དབྱང་ལ་མིག་ལྟོས་མཐའ་གཅིག་ཏུ་བྱས་ནས། བློ་གཅིག་སེམས་གཅིག་གིས་བྱ་གཞག་སྒྲུབ་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཆོད་སེམས་གང་ལེགས་མངོན་ཡོད། ཇི་ལྟར་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་གལ་ཆེན་དེ་ཤེས་རྟོགས་དང་ཇི་ལྟར་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བྱེད་སྒོ་སྤེལ་རྒྱུའི་ཐད། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཀྲུའོ་ཧྥུང་གིས་ལན་ཁ་གསལ་ཞིག་བསྐྱོན་བྱུང་།
          ཀྲུའོ་ཧྥུང་གིས་ངོ་སྤྲོད་བྱས་དོན། གཞིས་རྩེ་གྲོང་ཁྱེར་གྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བྱེད་སྒོའི་ནང་གཅིག་ནས“ཚུགས་གནས་མཐོ་པོ”མཐའ་འཁྱོངས་བྱས་ཤིང་། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཀྲང་ཡན་ཆིང་ངོ་མས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་འཁུར་ནས། གྲོང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་ཆེད་དོན་བཀོད་སྒྲིག་བྱས་པ་རེད། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དང་གོང་གིས་འོག་ལ་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས། “རིམ་པ་གཅིག་གིས་རིམ་པ་གཅིག་གི་སྣེ་ཁྲིད་དེ་སློབ་སྦྱོང་དང་རིམ་པ་གཅིག་གིས་རིམ་པ་གཅིག་གི་སྣེ་ཁྲིད་དེ་ལས་དོན་བསྒྲུབས་ཡོད” སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་ལག་བསྟར་བསམ་འཆར་བཟོས་ཡོད། འདི་ལོ་སྤྱོད་ཚུལ་སྒྱུར་བའི་ལོར་གཏན་འཁེལ་བྱས་ཏེ། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་བྱེད་ཐབས་གསར་གཏོད་བྱས་ནས་དངོས་སུ་སྒྱུར་བ་དང་ཏན་ཏིག་སྒྱུར་བར་མཐའ་གཅིག་ཏུ་འགན་ལེན་བྱས་ཡོད། གཉིས་ནས“འདོར་བ”སྟོན་ཕྱོགས་སུ་མཐའ་འཁྱོངས་བཟུང་ཞིང་། “ངེས་པར་དུ་བརྒྱད”དང་། “མིག་དཔེ་དྲུག”“དོན་འཁྱོལ་བརྒྱད”བཅས་དང་བསྡུར་བ་དང་། “ཞིབ་བཤེར་བཞི་དང་འདྲི་རྩད་བཞི”ཡི་གཏན་འབེབས་བྱ་སྤྱོད་ལ་གཞིགས་པ། ལས་བྱེད་པའི་དཔུང་ཁག་ཁྲོད་གནས་པའི་བསམ་བློའི་འདུ་ཤེས་རྙིང་བ་དང་། དམིགས་ཡུལ་གྱི་འདུ་ཤེས་ཞན་པ། ལས་སྒྲུབ་ལས་གཏོད་ཀྱི་འཇོན་ཐང་ཆེན་པོ་མེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ་བཅས་བྱས་ནས། གསར་གཏོད་ལྡན་པའི་ངང་དུས་ཡུན་ལོ་གཅིག་གི“འདོར་བ་བཅུ་དང་འགྱུར་ལྡོག་བཅུའི”བསམ་བློར་བཅིངས་འགྲོལ་གྱི་གྲོས་བསྡུར་ཆེན་པོ་བྱས་པས། གྲོང་ཁྱེར་ཡོངས་སུ་བསམ་བློ་གསར་བརྗེ་དང་། སློབ་སྦྱོང་གསར་བརྗེ། སྤྱོད་ཚུལ་གསར་བརྗེ། ལས་དོན་གསར་བརྗེ་བཅས་ཀྱི་ཚ་རླབས་འཕྱུར་བ་དང་། བསམ་བློར་བཅིངས་འགྲོལ་ཆེན་པོ་དང་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་བཏང་བ་བརྒྱུད་འཇོན་ཐང་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བས། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་ཐུབ་ཡོད། གསུམ་ནས“ཏན་ཏིག”གི་ཕན་འབྲས་ཐོན་པར་མཐའ་འཁྱོངས་བྱས་ཤིང་། དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར་མཐའ་འཁྱོངས་བྱས་ནས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཕན་འབྲས་དེ་མ་འཇོག་དང། རྣམ་གྲངས། ཐོན་ལས། ཁེ་ལས། གྲོང་ཁྱེར་དང་གྲོང་གསེབ། མཐའ་མཚམས། སྐྱེ་ཁམས། དམངས་འཚོ། སྒྱུར་བཅོས། ཕན་ནུས་བཅས་ལ་དམ་འཛིན་བྱེད་པའི་བྱ་སྤྱོད་ཞིབ་ཕྲར་མངོན་པར་བྱས་ཏེ། སྔོན་གཏོད་ལེགས་བརྩོན་དང“འཛུགས་གཏོད་བཞིའི”སྣེ་འཁྲིད་མཁན་ཧུར་ཐག་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་སུ་བསྒྱུར་ཡོད།
          གཞིས་རྩེ་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྔར་བས་ལེགས་པའི་ངང་ཇི་ལྟར་སྤེལ་བའི་ཐད། ཀྲུའོ་ཧྥུང་གིས“ང་ཚོའི་དམིགས་ཡུལ་ནི་བསམ་བློར་བཅིངས་འགྲོལ་ཆེན་པོ་བཏང་ནས་མིག་རྒྱང་རིང་པོས་སྤྱི་ཡོངས་ལ་ལྟ་ཕོད་པ་དང་། ལྟ་བར་འགྱུར་ལྡོག་ཆེན་པོ་བཏང་སྟེ་མཐོན་པོར་འཛེགས་ནས་དེ་བས་རྒྱང་ལྟ་བྱེད་ཐུབ་པ། སྤྱོད་ཚུལ་བསྒྱུར་ནས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་ཞིག་བྱེད་པ། འཇོན་ཐང་ཆེ་རུ་བཏང་ནས་འགན་འཁྲི་འཁུར་ཕོད་པ། ཕན་ནུས་ཆེ་རུ་བཏང་ནས་སྐུལ་འདེད་གཏོང་ཕོད་པ་དང་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ། “འཛུགས་གཏོད་བཞིའི”སྣེ་འཁྲིད་མཁན་ཧུར་ཐག་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སྔར་བས་ཆེ་རུ་བཏང་ཡོད། གོམ་སྟབས་རྗེས་མར་ང་ཚོས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སློབ་སྦྱོང་གཏིང་ཟབ་དང་། ལྟ་བསྡུར་ལྟ་ཞིབ། བཞུགས་མོལ་གྲོས་བསྡུར། རྒྱུ་རྐྱེན་དབྱེ་ཞིབ། དག་ཐེར་དོན་འཁྱོལ་བཅས་ཀྱི་ལྷུ་ཚིགས་ཁག་ལ་དམ་འཛིན་ཡག་པོ་ནན་ཏན་བྱེད་པ་དང་། བྱེད་ཐབས་གསར་གཏོད་དང་། གཞི་རྟེན་གསར་གཏོད། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། “འཛུགས་གཏོད་བཞིའི”སྣེ་འཁྲིད་མཁན་ཧུར་ཐག་བྱེད་པའི་བྱས་རྗེས་དངོས་ལ་བརྟེན་ནས། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་མི་རིགས་ཁག་གི་མང་ཚོགས་ལ་ཚད་ལོན་པའི་རྒྱུགས་ལན་ཞིག་འབུལ་རྒྱུ་མ་ཟད། གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་གི་ཡིན་ཞེས་གསུངས་བྱུང་།