ཀྲུང་གོའི་བོད་ལྗོངས་དྲ་བ། > པར་མཛོད། > པར་རིས།

ལོ་གསར་མཁོ་ཆས་ཚོང་འདུས་འཁྲུག་ཆ་དོད།

སྤེལ་དུས 2024-01-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་ལྷ་སའི་གྲོང་མིས་ཚོང་འདུས་ཐོག་ལོ་གསར་གྱི་མཁོ་ཆས་འདེམས་ཉོ་བྱེད་བཞིན་པ།             
             མིག་སྔར། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་ཚོང་དོན་སྡེ་ཚན་གྱི་སྐུལ་འདེད་འོག དུས་ཡུན་ཉིན11ཡིན་པའི་ལྷ་སའི་བོད་ཀྱི་ལོ་གསར་གྱི་ནང་འདྲེན་ལོ་གསར་མཁོ་ཆས་ཚོང་འདུས་དགའ་སྐྱིད་གླིང་ཐང་ཆེན་དུ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་ཚོང་འདུས་སུ་ནེ་པ་ལ་དང་འབྲུག་ཡུལ་སོགས་རྒྱལ་ཁབ་ཀྱི་འགྲེམས་ཞུགས་ཚོང་པ་ཞུགས་ཡོད་པ་དེ་དག་གིས་རྒྱ་གར་གྱི་ཁྱིམ་ཆས་དང་། ནེ་པ་ལའི་བཟོ་རྩལ་ཐོན་རྫས། སི་རི་ལན་ཁའི་ཇ་པ་ཏི། འབྲུག་ཡུལ་གྱི་རས་སོགས་འཛད་སྤྱོད་པས་ལྟ་བས་མི་ངོམས་པའི་ཁྱད་ལྡན་ལོ་གསར་མཁོ་ཆས་མང་པོ་ཡོད། 

རྩོམ་སྒྲིག་པ། དཔལ་གཡང་།