ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཚ་ཤོས།

ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་འཚོགས་པ།

སྤེལ་དུས 2021-09-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           དཔལ་འབྱོར་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་17ཉིན་གྱི་སྔ་དྲོ། ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་དང་གཞུང་ཁོངས་རྒྱུ་ནོར་དང་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཚོགས་འདུ་ལྷ་སར་འཚོགས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གཞུང་ཁོངས་རྒྱུ་ནོར་དང་ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་གྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།
           ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དང་། རྒྱལ་ཡོངས་ཀྱི་གཞུང་ཁོངས་རྒྱུ་ནོར་ཁོངས་གཏོགས། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཁ་གཏད་བོད་སྐྱོར་གྱི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བོད་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་དམངས་སེམས་གཅིག་སྒྲིལ་དང་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་ལག་བསྟར་བྱས་པས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་ཡོད་ཅེས་གསུངས་པ་རེད།
           རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུའུ་རེན་ཧའོ་ཕུང་གིས། གཞུང་ཁོངས་རྒྱུ་ནོར་དང་ཀྲུང་དབྱང་ཁེ་ལས་ཀྱིས་བོད་སྐྱོར་ལས་དོན་དེ་ཁེ་ལས་ཀྱི“ལོ་ལྔ་ཚན་བཅུ་བཞི་པ”དང་དེ་བཞིན་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཐབ་ཇུས་ནང་བཅུག་ནས་བོད་སྐྱོར་ལས་དོན་སྔར་བས་ཏན་ཏིག་དང་ནུས་ལྡན་ངང་སྤེལ་ཏེ་གློག་ཤུགས་དང་། འཕྲིན་གཏོང་། འགྲིམ་འགྲུལ། ཟོག་འགྲེམས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། བོད་ཀྱི་ཁྱད་ལྡན་ཐོན་ལས་ལ་རོགས་སྐྱོར་བྱེད་པ། ལས་ཞུགས་བསྡུ་ལེན་གྱི་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་འདི་ཉིད་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་དེ་བས་ལེགས་པའི་ངང་མཉམ་འདྲེས་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།