ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གཉེན་སྟོན།

བོད་མིའི་ལམ་རྟགས་བརྩི་སྲོལ།

སྤེལ་དུས 2018-01-16 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ། རྡོ་རྗེ།

        བོད་མིས་གཉེན་སྒྲིག་བྱེད་པ་དང་། འགྲུལ་པ་ཕྱོགས་ཐོན་སོགས་ཀྱི་སྐབས་སུ་ལམ་རྟགས་ལ་དོ་སྣང་ཆེན་པོ་བྱེད་སྲོལ་ཡོད། དཔེར་ན། མནའ་མར་མག་པ་བསུ་བ་དང་། འགྲུལ་པ་ཕྱོགས་སུ་ཐོན་སྐབས་ལམ་དུ་མེ་ཤིང་ཁུར་བོ་འཁུར་ཡོང་མཁན་དང་། ཆུ་སྣོད་ཁེངས་པ་འཁུར་ཡོང་མཁན། རྒྱན་གོས་ལེགས་པར་གྱོན་པའི་འགྲུལ་པ། ཕྱུ་པ་དཀར་རྐྱང་གྱོན་པའི་མི། ཁལ་རྒྱབ་ལོང་བཀལ་བའི་ཁལ་མ་སོགས་དང་འཕྲད་ན། རྟེན་འབྲེལ་བཟང་བ་དང་དེ་བཞིན་མང་ཚོགས་ཀྱི་ཁ་རྒྱུན་དུ། “སྤྱང་སོགས་གཡས་དང་། ཝ་སོགས་གཡོན། རི་བོང་ལྟག་རྩ་གཏད་ན་བཟང་།”ཞེས་བཤད་སྲོལ་ཡོད། གོང་གསལ་གྱི་ལམ་རྟགས་ནི་རྟེན་འབྲེལ་བཟང་ཞིང་། བྱ་བ་ལམ་འགྲོ་ཡོང་བའི་རྟགས་སུ་བརྩི་བ་དང་། ཆུ་སྣོད་སྟོང་བ་དང་། སླེ་བོ་སྟོང་བ་འཁུར་མཁན་དང་། ཁལ་མ་སྒ་སྟོང་། བུད་མེད་སྐྲ་ཟིང་། ནད་པ། ཕུང་པོ་སྐྱེལ་མཁན། པང་གདན་བཅིངས་མེད་པའི་བུད་མེད། གྲྭ་པ་སོགས་དང་འཕྲད་ན་རྟེན་འབྲེལ་མི་ལེགས་པར་བརྩི་སྟེ་བཟློག་ཐབས་ཀྱི་རིམ་འགྲོ་སོགས་བྱེད་སྲོལ་ཡོད། །