དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

བདེ་ཐང་སྐོར་གྱི་འཕྲིན་གསར།

སྤེལ་དུས 2021-02-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཉེ་སྔོན་རྒྱལ་སྤྱིའི་སྐྲན་ནད་ཞིབ་འཇུག་ལས་ཁུངས(IARC)ཀྱིས་འཛམ་གླིང་ཐོག་གི་སྐྲན་ནད་གཞི་གྲངས་གསར་ཤོས་ཁྱབ་བསྒྲགས་བྱས། དཔྱད་འབྲས་ལས་མངོན་པ་ལྟར་ན། སྐྲན་ནད་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ་དེ་ལས་ཀྲུང་གོའི་འཕར་ཚད་ཧ་ཅང་མངོན་གསལ་ཡིན་པར་བཤད།
          2006ལོའི་ཚུན་གྱི་ལོ14ཡི་ནང་དུ་འཛམ་གླིང་ཐོག་སྐྲན་ནད་ཕོག་མཁན་གྱི་མི་གྲངས་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ་དེའི་འཕར་ཚད30%ལས་བརྒལ་ཡོད།
          2020ལོར་སྔོན་དཔག་བྱས་ན་འཛམ་གླིང་ཐོག་སྐྲན་ནད་ཕོག་མཁན་ཁྱོན་བསྡོམས་མི་ཁྲི1929ཟིན་པ་རེད། དེའི་ཁྲོད་ཀྲུང་གོའི་བསྡུར་ཚད23.7%(ཀྲུང་གོའི་མི་འབོར་གྱིས་འཛམ་གླིང་མི་གྲངས་ཀྱི17%བཟུང་ཡོད)ཟིན་པ་དེ་ནི་འཛམ་གླིང་ཐོག་སྐྲན་ནད་གསར་འཕར་བྱུང་བའི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་རེད། ཕལ་ཆེར་མི4ལ་སྐྲན་ནད་ཕོག་ཚེ་དེའི་ཁྲོད་ཀྱི1ཀྲུང་གོ་ནས་བྱུང་བ་ཡིན། དེ་ལྟར་ན་བརྩིས་ཚེ་སྐར་མ་རེར་ཀྲུང་གོའི་མི8ལ་སྐྲན་ནད་ཕོག་བཞིན་ཡོད་པ་མཚོན་གྱིན་ཡོད།

          སྟབས་ལེགས་པའི་གནས་ཚུལ་ཞིག་ལ་སྐྲན་ནད་ཀྱིས་ཚེ་ལས་འདས་ཚད་ཇེ་དམའ་ནས་ཇེ་དམའ་རེད།
          IARCཡིས་གསར་དུ་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་དུ་སྐྲན་ནད་ཕོག་པའི་མི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་ནའང་དེར་དགའ་འོས་པའི་གྲངས་ཀ་ཞིག་ཡོད་པ་སྟེ། སྐྲན་ནད་ཕོག་མཁན་ཇེ་མང་དུ་འགྲོ་བའི་དུས་མཚུངས་སུ་སྐྲན་ནད་ཀྱིས་བསྐྱེད་པའི་ཚེ་འདས་མི་གྲངས་ནི་རིམ་གྱིས་ཇེ་ཉུང་དུ་འགྲོ་བཞིན་ཡོད།

          འགྱུར་ལྡོག་དེ་ནི་ཐ་མག་འཐེན་པ་སོགས་ཀྱི་ཉེན་ཁའི་རྒྱུ་རྐྱེན་ཇེ་ཉུང་དུ་ཕྱིན་པ་དང་ཚན་རིག་དང་མཐུན་པའི་སྐྲན་ནད་ཚགས་བཤེར་བྱས་པ་ལས་བྱུང་བ་ཞིག་རེད།
          སྐྲན་ནད་ཀྱི་རྐྱེན་གྱིས་ཚེ་ལས་འདས་ཚད་དེ་འདས་པའི་ལོ26རིང་མར་ཆག་པའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ཡོད་པ་དང་། སྐྲན་ནད་ཀྱི་རྐྱེན་གྱིས་ཚེ་ལས་འདས་ཚད་དེ་སྤྱིའི་ཆ་ནས2008ལོ་ནས2017ལོའི་བར་ལོ་རེར་ཆ་སྙོམས1.5%མར་ཆག་པ་དང་། 1991ལོ་ནས་ད་བར་མི་གྲངས་ཁྲི290སྐྲན་ནད་ཀྱིས་ཚེ་ལས་འདས་པ་སྔོན་འགོག་བྱས་ཡོད།
          བསྡུར་ཚད་མཐོན་པོ་མེད་ནའང་ང་ཚོས་འབྲས་སྐྲན་འགོག་བཅོས་བྱེད་པའི་ཐབས་ཤེས་དེ་ཡང་དག་པའི་ལམ་ཕྱོགས་སུ་སྐྱོད་བཞིན་ཡོད་པ་མཚོན། 
          རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་སྐྲན་ནད་སྔོན་འགོག་བྱེད་པའི་བསམ་འཆར་དོན་ཚན14བཏོན་པ་གཤམ་གསལ།
          གཅིག ཅི་ནུས་ཀྱིས་ཚོ་བྱང་དུ་བཅུག་ནས་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་གཏོང་དགོས་ཀྱང་རང་ཉིད་ཀྱི་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་གཏོང་སྟངས་འོས་འཚམ་ཡིན་དགོས།
          གཉིས། ཉིན་རེར་མ་མཐར་ཡང་སྐར་མ30ཡི་རིང་ལ་ལུས་ཕུང་སྦྱོང་བརྡར་བྱེད་དགོས་པ་ལས་ཙོག་ནས་དུས་ཡུན་རིང་པོར་གཏན་ནས་སྡོད་མི་རུང་།
          གསུམ།  མངར་ཆ་འདུས་པའི་བཏུང་ཆུའི་རིགས་ལ་ཚོད་འཛིན་བྱ་དགོས་པ་དང་། ནུས་ཚད་མཐོ་བའི་ཟས་རིགས ( ལྷག་པར་དུ་མངར་་འདུས་ཚད་མཐོ་བའམ་ཡང་ན་ཚི་སྣའི་རྒྱུ་ཡི་ཚད་དམའ་བའམ་ཡང་ན་ཚིལ་མང་བའི་ལས་སྣོན་ཟས་རིགས)ཟ་རྒྱུ་ཚོད་འཛིན་བྱེད་དགོས།

          བཞི། སྔོ་ཚལ་དང་ཤིང་འབྲས། འབྲུ་རིགས་དང་སྲན་རིགས་བཅས་ཀྱི་ཟས་རིགས་མང་ཙམ་བཟའ་བ་དང་། ཟས་ཐུན་རེར་རྩི་ཤིང་རང་བཞིན་གྱི་ཟས་རིགས་ཀྱིས2/3ཟིན་པ་བྱེད་དགོས།
          ལྔ། ཤ་རིགས(དཔེར་ན་སྐམ་ཤ་དང་ཕག་ཤ ལུག་ཤ)ཉུང་བཟའ་བྱེད་པ་དང་ལས་སྣོན་བྱས་པའི་ཤ་ཡི་རིགས་ཟ་རྒྱུར་འཛེམ་དགོས།
          དྲུག ཆང་ཉུང་ཙམ་འཐུང་བའམ་ཡང་ན་རྩ་བ་ནས་གཅོད་དགོས།
          བདུན། ཚྭ(ནཱ)ཟ་བར་ཚོད་འཛིན་བྱེད་དགོས།
          བརྒྱད། སྐྲན་འགོག་ལུས་གསོའི་དངོས་རྫས་སྤྱོད་མི་རུང་། ལུས་གསོའི་དངོས་རྫས་ཞེས་པ་ནི“སྐྲན་ནད་འགོག་པའི་ཟས་རིགས”དང“སྐྲན་ནས་འགོག་པའི་བདེ་སྲུང་ཐོན་རྫས་ཀྱི་རིགས”ལ་ཟེར།
          དགུ། བྱིས་པར་ཨ་མའི་ནུ་ཞོ་བླུད་ནས་མ་བུ་སྔར་བས་བདེ་ཐང་ཡོང་བ་བྱེད་དགོས།
          བཅུ། སྐྲན་ནད་དྲག་སྐྱེད་བྱུང་མཁན་གྱིས་ཆེད་ལས་ལྟར་སྐྲན་ནད་བདེ་ཐང་གི་འཚོ་བར་མཛུབ་སྟོན་བྱས་པ་བརྩི་སྲུང་བྱེད་དགོས།
          བཅུ་གཅིག ཐ་མག་མི་འཐེན་པ།
          བཅུ་གཉིས། ཉི་འོད་མང་པོ་ཕོག་པར་གཡོལ་དགོས།
          བཅུ་གསུམ། HPVརིམས་འགོག་སྨན་ཁབ་རྒྱག་དགོས།
          བཅུ་བཞི། ཕོ་བའི་དུང་འཁྱིལ་ནར་སྲིན་གྱི་འགོས་ནད་ལ་དུས་ལྟར་སྨན་བཅོས་བྱེད་དགོས།

རྩོམ་སྒྲིག་པ། བདེ་སྒྲོལ།