དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

ཝུའུ་མེང་ཏར་མཆིན་སྐྲན་ཕོག་ནས་ཚེ་ལས་འདས།

མཆིན་སྐྲན་ནི་ག་འདྲ་ཞིག་ཡིན་ནམ།

སྤེལ་དུས 2021-03-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
               ཟླ2པའི་ཚེས27ཉིན་གྱི་ཆུ་ཚོད17ཙམ་ལ། སྐད་གྲགས་ཆེ་བའི་འཁྲབ་སྟོན་པ་ཝུའུ་མེང་ཏ་སྙུན་གཞི་ཕོག་ནས་ཚེ་ལས་འདས་པ་རེད།

               ཞང་ཀང་སྨྱན་སྦྱོར་གྱིས་དེ་སྔོན་གནས་ཚུལ་སྤེལ་བར་གཞིགས་ན། ན་ནིང་ལོ་མཇུག་ཏུ་ཝུའུ་མེང་ཏ་ལ་བརྟག་དཔྱད་བྱས་ནས་མཆིན་སྐྲན་ཕོག་འདུག མཆིན་སྐྲན་བྱུང་བ་ནས་ཚེ་ལས་འདས་པའི་བར་ཟླ3མ་གཏོགས་འགོར་མེད་པར་བཤད།
               མཆིན་སྐྲན་དོན་དངོས་སུ་ཅི་འདྲའི་འཇིགས་སུ་རུང་བ་ཞིག་ཡིན་ནམ།
               རང་རྒྱལ་དུ་མཆིན་སྐྲན་ཕོག་པའི་ཚེ་ལས་འདས་ཚད་ཁྲི23.72/10ཡིན་པ་དང་། སྐྲན་ནད་ཚབས་ཆེན་ཕོག་ནས་ཚེ་ལས་འདས་ཚད་ཨང་གཉིས་པར་སླེབས་པ་མ་ཟད་མཆིན་སྐྲན་གྱི་ནད་ཕོག་ཚད་ཁྲི26.92/10ཡིན་ལ། མཆིན་སྐྲན་གྱི་ནད་ཕོག་ཚད་ཨང5པར་སླེབས་ཡོད།

               མཆིན་སྐྲན་ཕོག་མང་བའི་ལོ་ཚོད་ནི་ལོ་བཞི་བཅུའི་རྗེས་དང་དར་མ་དང་རྒན་པའི་མི་ཚོགས་ཡིན་ལ། ལོ50ནས60བར་ནི་ནད་ཐོན་མང་བའི་ལོ་ཚོད་ཡིན།
               མཆིན་སྐྲན་ཕོག་པའི་སྐྱེས་པ་བུད་མེད་ལས་མངོན་གསལ་གྱིས་མང་བ་དང་། སྤྱིར་བཏང་གི་གནས་ཚུལ་འོག་སྐྱེས་པར་མཆིན་སྐྲན་ཕོག་ཚད་ནི་བུད་མེད་ཀྱི་ལྡབ7ནས10བར་ཡིན།
               ཞིབ་འཇུག་ལས་མངོན་པ་ལྟར་ན། ནད་ཐོག་སྨན་བཅོས་ཁྲོད་ཀྱི85%ནས90%ཡི་མཆིན་སྐྲན་ཚང་མ་མཆིན་ནད་དང་འབྲེལ་བ་ཡོད་མོད། འོན་ཀྱང་སེམས་ཁྲལ་བྱེད་དགོས་པ་ཞིག་ནི་མིག་སྔར་རང་རྒྱལ་གྱི་མཆིན་པའི་ནད་དུག་ཕོག་པའི་སྤྱིའི་མི་འབོར་གྱི7.18%ཟིན་ཡོད།
               མཆིན་སྐྲན་གྱི་ནད་ཕོག་མ་ཐག་དུས་མཇུག་ཡིན་པའི་རྒྱུ་མཚན་ཅི་ཡིན་ནམ།
               མཆིན་སྐྲན་གྱི་སྐྲན་ནད་ཕྲ་ཕུང་ནི་ཧ་ཅང་གཡོ་སྒྱུ་ཆེ་བ་ཞིག་སྟེ། རྒྱུན་པར་མི་ལུས་ཀྱི་མཆིན་པའི་ཐོག་ནས་ཕྲ་ཕུང་གསར་པ་མང་པོ་རྒྱུད་སྤེལ་བྱས་ཚེ་ནད་རྟགས་སྔ་མ་ཅི་ཡང་མེད་པས། ནད་ཐོག་སྨན་པ་དང་ནད་པས་མིག་གིས་མཐོང་དཀའ་ཞིང་སེམས་ཀྱིས་མི་ཚོར་བས་ཡིན།

               མཆིན་པའི་ཁྲག་མཁོ་སྤྲོད་ ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་མཆིན་སྐྲན་ནི་ཆ་རྐྱེན་ལེགས་སར་སྔོན་ལ་ཐོབ་པ་ལྟར།  སྐྲན་ནད་དེ་མཆིན་པའི་ནང་གི་ཕྱོགས་གང་སར་མཆེད་སླ།
               ཁྲག་རྒྱུན་ལ་བརྟེན་ནས་མཆིན་སྐྲན་གྱི་ཕྲ་ཕུང་ལས་སླ་མོར་ལུས་ཡོངས་སུ་ཁྱབ་ཐུབ་ཅིང་། ཆེས་རྒྱུན་མཐོང་གི“ནད་རིགས་སྤེལ་ཡུལ”ལ་གློ་བ་དང་། མཁལ་མགོའི་གཤེར་རྨེན། རུས་པ། ཀླད་པ་བཅས་ཡོད།

               དེ་བས་ནད་པའི་ཕོ་བའི་གཡས་མགོ་ན་བ(མང་ཆེ་བ་ནི་ཐོག་ཐེངས་དང་པོའི་ནད་རྟགས་ཡིན)དང་། ཟས་ཀྱི་ཡི་ག་ཉམས་པ། གསུས་སྦོས་པ། ཁོག་པ་བཤལ་བ། སྐྱུག་མེར་ལངས་པ། སྐྱུག་པ་སོགས་འཇུ་ལམ་གྱི་ནད་རྟགས་འབྱུང་བའམ་ཡང་ན་ཤུགས་མེད་པ་དང་། ཤ་སྐམ་པ། ཚ་རྒྱག་པ་སོགས་རྒྱུན་མཐོང་གི་སྐྲན་ནད་ཚབས་ཆེན་ལུས་ཡོངས་ཀྱི་ནད་རྟགས་འབྱུང་བའམ་ཡང་ན་འབྲས་སྐྲན་གྱི་ཕྲ་ཕུང་གིས་ཟིན་པའི་གནས་གཞན་དག་ཏུ་ནད་རྟགས་འབྱུང་སྐབས། སྤྱིར་བཏང་དུ་ནད་པ་དྲག་དཀའ་བའི་དུས་མཇུག་ཏུ་སླེབས་ཡོད།
               མཆིན་སྐྲན་གྱི་ཉེན་ཁ་ཆེ་བའི་མི་ཚོགས་གང་དག་ཡོད་དམ།
               ཆེད་མཁས་པས་དེང་རབས་གསོ་རིག་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་མཆིན་སྐྲན་ནི་སྔ་ས་ནས་ཤེས་རྟོགས་ཐུབ་པ་ཞིག་ཡིན་པ་མ་ཟད་དྲག་སྐྱེད་བྱུང་ཚད80%ཡན་ཟིན་ཡོད། དེའི་ཕྱིར་ཉེན་ཁ་ཆེ་བའི་མི་ཚོགས་ཀྱིས་ངེས་པར་དུ་དུས་བཅད་ལྟར་བརྟག་དཔྱད་བྱས་ནས་ནད་རྟགས་ཡོད་པ་ཤེས་ཚེ་དུས་ཐོག་ཏུ་སྨན་བཅོས་བྱ་དགོས་ཞེས་གསུངས།
               ཉེན་ཁ་ཆེ་བའི་མི་ཚོགས།
               གཅིག དལ་གཤིས་མཆིན་ཚད་ཁ་པ་དང་ག་པའི་ནད་པ་དང་མཆིན་ཚད་ཀྱི་ནད་དུག་ཡོད་མཁན།
               གཉིས། ལོ40ཡན་གྱི་སྐྱེས་པའམ་ཡང་ན་ལོ50ཡན་གྱི་བུད་མེད།
               གསུམ། དུས་ཡུན་རིང་པོར་ཆང་འཐུང་རྒྱུར་དགའ་བ་དང་གཅིན་པ་མངར་འགྱུར་གྱི་ནད་བྱུང་བའི་མི་ཚོགས།
               བཞི། ནད་ཐོག་བརྟག་དཔྱད་བྱས་ནས་མཆིན་པ་སྲ་འགྱུར་གྱི་ནད་ཕོག་མཁན།
               ལྔ། མཆིན་སྐྲན་གྱི་ཁྱིམ་རྒྱུད་ལོ་རྒྱུས་ཡོད་མཁན།
               མཆིན་སྐྲན་ཇི་ལྟར་གྲལ་བཤེར་བྱེད་དགོས་སམ།
               དར་མ་དང་རྒན་པར་བསྡུར་ན་ན་གཞོན་ཚོས་དུས་བཀག་ལྟར་ལུས་པོར་བརྟག་དཔྱད་བྱེད་པའི་རང་འགུལ་རང་བཞིན་ཅུང་ཞན་པས་མཆིན་སྐྲན་གྱི་ནད་ཕོག་པའི་ཉེན་ཁ་དེ་བས་ཆེན་པོ་ཡོད། དེའི་ཐད་ཆེད་མཁས་པས་མཆིན་སྐྲན་སྔོན་འགོག་བྱེད་པར་སྤྱི་དམངས་ལ་མཆིན་སྐྲན་གྲལ་བཤེར་གྱི་ཞིབ་ཕྲའི་བྱ་ཐབས་རྒྱུས་ལོན་བྱེད་དུ་འཇུག་དགོས་ཞེས་བསྟན།

               Bསྒྲ་རླབས་བརྟག་དཔྱད།
               Bསྒྲ་རླབས་བརྟག་དཔྱད་བྱས་ཚེ་རིན་གོང་བདེ་ཞིང་སྐྲན་ནད་ཀྱི་ཆེ་ཆུང་དང་། རྣམ་པ། གནས་ཡུལ་བཅས་མངོན་ཐུབ།
               ཚད་བརྒལ་སྒྲ་རླབས་བརྙན་བཟོ།
               མཆིན་པའི་སྐྲན་ནད་ཀྱི་གྲངས་འབོར་བརྟག་དཔྱད་ཐད་སྒྲ་རིག་པའི་བརྙན་བཟོའི་ཁྱད་འཕགས་རང་བཞིན་དེ་བས་མང་པོ་ལྡན་པ་དཔེར་ན། བདེ་འཇགས་རང་བཞིན་ལེགས་པ་དང་། ཚོར་ལྷག་འགྱུར་འབྱུང་མེད་པ། ཞིབ་བཤེར་གྱི་འགྲོ་གྲོན་ལྟོས་བཅས་ཀྱིས་ཅུང་དམའ་བ་སོགས་ལྟ་བུ།
               CTཆེ་རུ་གཏོང་བ།
               སྤྱིར་བཏང་གིCTདང་བསྡུར་ན། CTཆེ་རུ་བཏང་ཚེ་ནད་ཀྱི་ངོ་བོ་གཏན་འཁེལ་བྱེད་པའི་ནུས་པ་ཇེ་མཐོར་སོང་ནས་སྐྲན་ནད་དུས་རིམ་དབྱེ་བའི་ཡང་དག་པའི་རང་བཞིན་མཐོ་རུ་གཏོང་ཐུབ། མཆིན་སྐྲན་དང་སྤྱིའི་མཁྲིས་སྦུག་གི་ནད་འགྱུར། མཆིན་པའི་ཁྲག་རྩའི་སྐྲན་ནད། མཁྲིས་ལམ་སོགས་མཆིན་མཁྲིས་ཀྱི་ནད་འགྱུར་ལ་བརྟག་དཔྱད་བྱེད་པའི་ནུས་པ་ཡོད།
               ཉིང་སྡུད་ཁབ་ལེན་གྱི་མཉམ་འགུལ་ཞིབ་བཤེར།
               རྣམ་གྲངས་དེར་ཞིབ་བཤེར་བྱེད་པ་ནི་ལོ་འདི་འགའི་རིང་འཕེལ་རྒྱས་ཅུང་མགྱོགས་པའི་ཞིབ་བཤེར་བྱེད་སྟངས་ཤིག་ཡིན་ལ། མཆིན་པའི་ནད་ཆུང་ཤས་ལའང་བརྡར་ཤ་ཡང་དག་ཅིག་གཅོད་ཐུབ།
               བྲང་ཁོག་སྨད་ཀྱི་འཕར་རྩའམ་ཡང་ན་མཆིན་པའི་འཕར་རྩར་བརྙན་བཟོ་བ་དང་ཞིབ་བཤེར་བྱེད་པ།
               ཁྲག་བཤེར་སོགས་ལས་ཁྲག་རྩ་སྣ་མང་གི་སྐྲན་ནད་དང་ཅུང་ཆུང་བའི་འབྲས་སྐྲན་ལ་དཔྱད་འབྲས་ལོན་པའི་ཚད་ཅུང་མཐོ་བ་ཡིན།
               ཀ་སྦྲུམ་སྤྲི་ཀ་པའི་ཞིབ་བཤེར།
               Bསྒྲ་རླབས་སམ་ཡང་ནCTསོགས་བརྙན་གྲུབ་ཞིབ་བཤེར་ནི་སྔ་དུས་ཀྱི་འབྲས་སྐྲན་ཡིན་པར་དོགས་པ་སྐྱེས་སྐབས། སྤྱིར་བཏང་དུ་སྦྲུམ་སྤྲི་ཀ་པའི་ཞིབ་བཤེར་གྱི་རམ་འདེགས་བརྟག་དཔྱད་བྱ་རྒྱུའི་གསན་འདེབས་བྱེད་དགོས།
               གོམས་གཤིས་གང་དག་ནི་མཆིན་པར་ཆེས་གནོད་པ་ཡིན་ནམ།
               1.ཐ་མག་འཐེན་པ་དང་ཆང་རག་བག་མེད་དུ་འཐུང་བ།
               2.རྒྱས་བཟའ་རྒྱས་འཐུང་བྱེད་པ་དང་བཟའ་བཏུང་མི་སྙོམས་པ།
               3.ཚིལ་མང་བ་དང་ཚ་ཚད་མཐོ་བའི་ཟས་རིགས། འཚོ་བཅུད་ཚད་ལས་བརྒལ་བ།
               4.འགུལ་སྐྱོད་མི་འདང་བ ། ཐ་ན་འགུལ་སྐྱོད་མི་བྱེད་པ།
               5.ལུས་པོའི་ལྗིད་ཚད་ལུགས་མཐུན་གྱིས་ཚོད་འཛིན་བྱེད་མི་ཐུབ་པ། ལྗིད་ཚད་ཚད་ལས་བརྒལ་བ་དང་ཚོན་པོ་གྱུར་བ།
               6.ཚོ་བྱང་དུ་འཇུག་སྟངས་མི་འགྲིག་པ་དང་། ཚད་དང་མི་མཐུན་པ། འཚོ་བཅུད་མི་འདང་བ་སོགས་ཀྱི་གནས་ཚུལ་ཐོན་པ།
               མཆིན་སྐྲན་གྱི་ཐད་ནས་ང་ཚོར་ནོར་འཁྲུལ་གྱི་བསམ་བློ་གང་དག་ཡོད་དམ།
               01.གལ་ཏེ་ནད་རྟགས་མེད་ན་མཆིན་སྐྲན་འབྱུང་མི་སྲིད།
               ནད་ཐོག་གི་མཆིན་སྐྲན་གྱི་ནད་པའི་ཁྲོད་མང་ཆེ་བར་ནད་བྱུང་དུས་ནད་རྟགས་མེད་པ་དང་། རྒྱུན་པར་ནད་རྟགས་ཡོད་པའི་སྐབས་སུ་དུས་མཇུག་ཏུ་སླེབས་ཟིན་པས་སྨན་བཅོས་བྱེད་པར་འགལ་རྐྱེན་བཟོ་སྲིད།
               02.མཆིན་པའི་གཉན་ཚད་ཡིན་ཕྱིན་མཆིན་སྐྲན་དུ་འགྱུར་སྲིད།
               ཕལ་ཆེར་མཆིན་པའི་གཉན་ཚད་ཕོག་པའི་ནད་པ་བཅུའི་ཁྲོད་ནས་དགུ་ལ་མཆིན་སྐྲན་འབྱུང་མི་སྲིད་པས་ཚད་ལས་བརྒལ་བའི་འཇིགས་སྣང་སྐྱེ་མི་དགོས།
               03.མཆིན་སྐྲན་གྱི་ནད་པ་དང་འབྲེལ་འདྲིས་བྱས་ཚེ་ནད་འགོ་སྲིད།
               མཆིན་ཚད་ཁ་པའི་ནད་ཡོད་པའི་ནད་པར་མཆིན་སྐྲན་ཕོག་ཚེ་དེའི་མཆིན་ཚད་འགོ་སྲིད་པ་སྟེ། མཆིན་ཚད་ཁ་པ་འགུལ་སྐྱོད་བྱེད་པའི་སྐབས་སུ་འགོ་སྲིད་ཀྱང་མཆིན་སྐྲན་ནི་འགོ་མི་སྲིད།
               04. གསང་བཅོས་དང་ཁྱད་བཅོས་ལ་ནུས་པ་ཡ་མཚན་ལྡན་པར་རློམ་པ།
               མིག་སྔར་རྒྱལ་ནང་དུ་སྨན་བཅོས་ཀྱི་ཕྱོགས་སྟོན་ཡོད་པས་ཚད་ལྡན་གྱི་སྨན་བཅོས་བྱ་དགོས། དེ་འདྲ་མ་བྱས་ཚེ་ནད་གཞི་འགོར་འགྱངས་བྱེད་སྲིད།
               05.གཤགས་བཅོས་བྱས་པ་ནི་དྲག་སྐྱེད་བྱུང་བར་འདོད་པ།
               སྐྲན་ནད་རྩ་བ་ནས་གཅོད་འབྲེག་བྱེད་ཐུབ་ནའང་ནད་པ་ཁག་གཅིག་ལ་མཆིན་ཚད་ཁ་པ་དང་མཆིན་ཚད་ག་པ། མཆིན་པ་སྲ་འགྱུར་སོགས་ཀྱི་ནད་ཕོག་པའི་རྐྱེན་གྱིས་གནས་ཚུལ་དེ་འདྲའི་འོག་ཏུ་སྐྲན་ནད་ད་དུང་བསྐྱར་དུ་ཐོན་སྲིད་པས་སྨན་བཅོས་བྱ་རྒྱུ་ནི་ཧ་ཅང་གལ་ཆེའོ། །
རྩོམ་སྒྲིག་པ། བདེ་སྒྲོལ།