ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

“ཏ་ཧྥུན་ཆི”འཕྲུལ་མི་ཐོག་མས་ཨེ་ཙིའི་ནད་པར་མཁལ་མ་བརྗེ་ཐུབ་འདུག

སྤེལ་དུས 2021-11-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           “ཏ་ཧྥུན་ཆི”ལ་འཕྲུལ་ཆས་ཀྱི་ལག་པ་མང་པོ་ཡོད་ཅིང་། སྨན་པས་འཕྲུལ་མི་རྒྱང་འཛིན་བྱས་ཏེ་ནམ་རྒྱུན་འགྲུབ་དཀའ་བའི་བཤག་བཅོས་བྱེད་ཐུབ་ཀྱི་ཡོད།
           “ཏ་ཧྥུན་ཆི”ཡིས་ཨེ་ཙིའི་ནད་པ་ལ་བདེ་བླག་ངང་མཁལ་མ་བརྗེས་པ།
           ཏ་ཧྥུན་ཆི་འཕྲུལ་མི་ནི་མཐོ་རིམ་གསུས་ཁོག་བརྟག་ཤེལ་མ་ལག་(腹腔镜系统)ཅིག་ཡིན། ཀོང་ཀྲོའུ་ཉིན་རེའི་ཚགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཟླ་11ཚེས་13ཉིན། ཧྲེན་ཀྲེན་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པར་(ལྷོ་ཕྱོགས་ཚན་རྩལ་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པ)རྒྱལ་ཡོངས་ཀྱི་ཏ་ཧྥུན་ཆི་འཕྲུལ་མི་ཐོག་མས་ཨེ་ཙི་ནད་པར་མཁལ་མ་བརྗེ་བའི་གཤགས་བཅོས་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། ལོ་32ལ་སླེབས་པའི་ཨེ་ཙིའི་ནད་པ་སྐུ་ཞབས་ཁྲེན་ལགས་(ཚབ་མིང)ལ་མཁལ་མའི་ནད་ཕོག་ནས་ལོ11ཕྱིན་རྗེས་གཞི་ནས་མཁལ་མ་བརྗེ་ཐུབ་པ་བྱུང་སྟེ་ཚེ་སྲོག་གསར་པ་ཐོབ་ཡོད།
    2016ལོར་ཁྲེན་ལགས་ལ་ཨེ་ཙིའི་ནད་ཕོག་པ་བརྟག་དཔྱད་བྱུང་ཞིང་།ཡུན་ནས་ཡུན་དུ་སྨན་ཟ་དགོས་ཀྱི་ཡོད་པ་རེད། ལོ་3གྱི་རྗེས་སུ།སྐུ་ཞབས་ཁྲེན་ལགས་ཀྱི་མཁལ་མའི་ནད་ཇེ་སྡུག་ཏུ་སོང་བས།གཟའ་འཁོར་རེར་སིམ་དབྱེ་(透析)ཐེངས་གསུམ་རེ་མི་བྱེད་ཐབས་མེད་བྱུང་བ་དང་།ནད་ཀྱིས་ཁོའི་ལས་ཀ་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་བཟོས་ཡོད།
           རྒྱུས་ལོན་བྱུང་བ་ལྟར་ན། སྔོན་ཆད་ཨེ་ཙི་ནད་པ་ལ་མཁལ་མ་བརྗེ་བའི་གཤགས་བཅོས་བྱེད་པ་ནི་ཧ་ཅང་དཀའ་ངལ་ཆེ་བ་ཞིག་ཡིན།ཧྲེན་ཀྲེན་གྲོང་ཁྱེར་སྨན་ཁང་གསུམ་པས་ད་ལོའི་སྤྱི་ཟླ་བརྒྱད་པར་ཞིང་ཆེན་ནང་ཁུལ་གྱི་ཨེ་ཙིའི་ནད་པར་མཁལ་མ་བརྗེ་བའི་གཤགས་བཅོས་ཐོག་མ་ལེགས་འགྲུབ་བྱས་ཡོད།
           སྨན་པ་ཡོན་ཞའོ་ཕིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན།སྔོན་ཆད་གསོ་རིག་ཁྱབ་ཁོངས་སུ་མཁལ་མ་བརྗེ་བའི་གཤགས་བཅོས་བྱས་རྗེས་འཕྲོད་སྦྱོར་བའི་ཡོང་བའི་སྨན་རྫས་ལས་ནད་པའིHIVའགོས་ནད་ཚོད་འཛིན་མི་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད་པས། ཨེ་ཙིའི་ནད་པར་ཡང་མཁལ་མ་བརྗེ་བའི་གཤགས་བཅོས་བྱེད་ཀྱི་མེད། འོན་ཀྱང་HIVསྨན་རྫས་ཀྱི་སྨན་བཅོས་ནུས་པ་ཡག་ཏུ་ཕྱིན་པ་དང་བསྟུན་ནས་མི་རྣམས་ཀྱིས་འཕྲོད་སྦྱོར་སྨན་རྫས་བེད་སྤྱོད་བྱས་ཀྱང་HIVའགོས་ནད་སྔར་བཞིན་ཚོད་འཛིན་ལེགས་པོ་བྱེད་ཐུབ་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།
           སྐུ་ཞབས་ཁྲེན་ལགས་ལ་བྱས་པའི་གཤགས་བཅོས་དེའི་སྐོར་གླེང་སྐབས་ཏ་ཧྥུན་ཆིའི་འཕྲུལ་མི་མི་གླེང་ཀ་མེད་རེད་དེ། མཐོ་རིམ་གསུས་ཁོག་བརྟག་ཤེལ་མ་ལག་འདིའི་རིགས་ལ་འཕྲུལ་ལག་མང་པོ་ཡོད་ཅིང་།སྨན་པས་འཕྲུལ་མི་རྒྱང་འཛིན་བྱས་ཏེ་ནམ་རྒྱུན་འགྲུབ་དཀའ་བའི་བཤག་བཅོས་བྱེད་ཐུབ་ཀྱི་ཡོད། དེ་ཡང་འགོས་ནད་རང་བཞིན་གྱི་ནད་ཡོད་པའི་ནད་པར་གཤགས་བཅོས་བྱེད་པར་ཏ་ཧྥུན་ཆིའི་འཕྲུལ་མི་བཀོལ་ན་སྨན་དོན་མི་སྣར་ནད་འགོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་ཀྱི་ཡོད།
    ཏ་ཧྥུན་ཆི་འཕྲུལ་མི་ནི་མཐོ་རིམ་གསུས་ཁོག་བརྟག་ཤེལ་མ་ལག་ཅིག་ཡིན་ཞིང་།3Dབརྙན་པར་མཐོང་ཐུབ་པ་མ་ཟད་པར་པར་ངོས་ལྡབ་8ཇེ་ཆེ་གཏོང་ཐུབ་ཅིང་། གཤགས་བཅོས་ཞིབ་ཇེ་ཚགས་དང་སྨན་པས་གཤགས་བཅོས་བཡེད་སྐབས་མཐོང་རྒྱར་ཡང་ཤུགས་རྐྱེན་ཐེབས་ཀྱི་མེད།
           ཏ་ཧྥུན་ཆི་ནི་གང་ལ་དེ་འཚམ་གྱི་སྒོ་ནས་སྲོལ་རྒྱུན་ལག་ཐབས་ཀྱིས་གཤགས་བཅོས་བྱེད་དཀའ་བའི་གནས་སྣ་ཚོགས་སུ་ཟབ་འཇུག་བྱེད་ཆོག་སྟེ། ཚང་སྒམ་གྱི་སྨད་ཁག་དང་ཆུ་རྨེན་ལྟ་བུར་སྤྱད་ཆོག ཏ་ཧྥུན་ཆི་ལ་འཕྲུལ་ལག་མང་པོ་ཡོད་པས་སྨན་པས་ཏ་ཧྥུན་ཆི་རྒྱང་འཛིན་བྱས་ཏེ་ནམ་རྒྱུན་འགྲུབ་དཀའ་བའི་བཤག་བཅོས་བྱས་ན་ཆོག་གི་ཡོད།
           ལྷག་པར་བརྗོད་དགོས་པ་ཞིག་ནི། འགོས་ནད་རང་བཞིན་གྱི་ནད་ཡོད་པའི་ནད་པར་གཤགས་བཅོས་བྱེད་པར་ཏ་ཧྥུན་ཆིའི་འཕྲུལ་མི་བཀོལ་ན་སྨན་དོན་མི་སྣར་ནད་འགོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་ཀྱི་ཡོད། གཞན་ཡང་ཏ་ཧྥུན་ཆིའི་འཕྲུལ་མིས་གཤགས་བཅོས་བྱས་ན་རྨ་ཁ་ཆུང་ཞིང་སླར་གསོ་མགྱོགས་པའི་ཁྱད་ཆོས་ལྡན་ཡོད་ཞིང་། ནད་པའི་ངོས་ནས་བརྗོད་ན་བདེ་འཇགས་ལྡན་པ་ཞིག་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།