ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

གཏམ་བཟང་། ཏོག་གསར་གློ་ཚད་ཀྱི་ནུས་ཆེའི་ཁ་སྨན་སྤྱོད་མགོ་ཚུཊ་ལ་ཉེ།

སྤེལ་དུས 2022-03-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
    སྤྱི་ཟླ་3ཚེས་20ཉིན་གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ཚོད་འཛིན་ལམ་སྲོལ་གྱི་ནད་ཐོག་སྨན་བཅོས་སྐྱོབ་བཅོས་ཆེད་མཁས་ཚོགས་ཆུང་གི་ཁོངས་མི་དང་། ཧྲང་ཧའེ་གྲོང་ཁྱེར་ཏོག་གསར་གློ་ཚད་སྨན་བཅོས་ཆེད་མཁས་ཚོགས་ཆུང་གི་ཁོངས་མི། ཧྥུའུ་ཏན་སློབ་ཆེན་ཁོངས་གཏོགས་ཀྲུང་ཧྲན་སྨན་ཁང་ནད་ལྕིའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་ཀྲུང་མིང་ལ་ཆེད་དོན་བཅར་འདྲི་ཞུས་ཡོད་པ་རེད། ཀྲུང་མིང་གིས། པར་གཞི་གསར་པའི་ནད་བརྟག་སྨན་བཅོས་ཇུས་གཞིའི་ནང་དུ་ནད་དུག་འགོག་པའི་སྨན་རིགས་གསར་པ་གཉིས་བསྣན་ཡོད་ཅེས་གསུངས་འདུག   

    སྤྱི་ཟླ་3ཚེས་17ཉིན་གྱི་དགོང་མོ། རང་རྒྱལ་གྱིས་ཐོག་མར་ནང་འདྲེན་བྱས་པའི་ཧུའེ་རུའེ་ (辉瑞) ཏོག་གསར་རིམས་ནད་ཀྱི་སྨན་རིགས་Paxloviཧྲང་ཧའེ་ནས་བདེ་བླག་ངང་རྒྱལ་ཡོངས་ཀྱི་རིམས་ནད་འགོག་བཅོས་བྱེད་བཞིན་པའི་འཐབ་ཡུལ་ལ་དབོར་ཡོད། ཀྲུང་མིང་གིས་ནད་དུག་འགོག་པའི་སྨན་གསར་པ་དེ་ལ་རེ་བ་ཆེན་པོ་གནང་གི་ཡོད། ཁོང་གིས་ད་ལྟ་གསར་དུ་དར་བའི་ཆ་རྡུལ་ཆུང་བའི་སྨན་རྫས་ཐོན་ལ་ཉེ། འདི་ཡང་སྨན་བཅོས་བྱེད་ཐབས་གཙོ་བོ་ཞིག་ཡིན་སྙམ། ནད་དུག་འགོག་པའི་སྨན་རྫས་གསར་པ་འདི་མགྱོགས་པོར་ནད་ཐོག་སྨད་བཅོས་སུ་སྤྱོད་ཐུབ་ངེས་ཡིན་ཞེས་བརྗོད། ཁོང་གིས་ཕྱི་རྒྱལ་གྱི་ནད་ཐོག་ཞིབ་འཇུག་ནས་བལྟས་ན། སྨན་འདིའི་རིགས་ཀྱི་ནད་ཐོག་ཕན་འབྲས་ནི་མི་སེམས་ལ་དགའ་བ་སྐྱེད་སྲིད་པ་ཞིག་ཡིན་ལ། སྨན་གྱི་སྤྱོད་སྟངས་ཀྱང་ཁ་སྨན་ཡིན་པས་སྟབས་བདེ་པོ་ཡོད། སྨན་བཅོས་བྱེད་སྟངས་འདི་ནི་རེ་སྒུག་བྱེད་རིན་ལྡན་པའི་བཅོས་ཐབས་ཤིག་ཡིན་ཞེས་གསུངས་འདུག  

    ཀྲུང་མིང་གིས་གསལ་བཤད་བྱས་དོན། ནད་པར་སྨན་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད། ནད་དུག་འགོག་པའི་སྨན་བཅོས་ཇི་ལྟར་སྔ་ཙམ་སྤྱོད་ན་ཕན་འབྲས་དེ་ཙམ་གྱིས་ལེགས་པ་སྟེ། སྨན་གྱིས་སྔ་ཙམ་ནས་ནད་དུག་བསྐྱར་བཟོ་བྱེད་པར་ཚོད་འཛིན་བྱེད་ཐུབ་ཀྱི་ཡོད། དེ་ལྟར་བྱས་ན་ནད་རྟགས་མེད་པའི་ནད་པ་རྣམས་ནད་གཞི་ཡང་བའི་ནད་པར་འགྱུར་མི་སྲིད་ལ། ནད་གཞི་ཡང་མོ་ཅན་ཡང་ནད་གཞི་སྤྱིར་བཏང་པར་འགྱུར་མི་སྲིད་པ་དང་། དེ་བས་ཀྱང་ནད་གཞི་ལྕི་བའི་ནད་པར་འགྱུར་མི་སྲིད་ཅེས་གསུངས་འདུག
རྩོམ་སྒྲིག་པ། བདེ་སྒྲོན།