ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

ཏོག་གསར་འགོས་རྗེས་རིམས་འགོག་སྨན་ཁབ་བརྒྱབ་ན་ཕན་པ་ཡོད་དམ།

སྤེལ་དུས 2022-12-30 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་འཕྲིན་ལམ། རྩོམ་པ་པོ།
       གདགས་གཤིས་སུ་གྱུར་རྗེས་དུས་ཚོད་ཇི་ཙམ་སོང་ན་འགོག་གཟུགས་འབྱུང་སྲིད་དམ། དུས་ཚོད་དེའི་རིང་རིམས་འགོག་སྨན་ཁབ་བརྒྱབ་ན་ཕན་ནུས་ཡོད་དམ། ནད་དུག་འགོས་རྗེས་དུས་ཚོད་ཇི་ཙམ་སོང་ན་རིམས་འགོག་སྨན་ཁབ་རྒྱག་ཆོག་པ་སོགས་པའི་གནད་དོན་དེ་དག་ལ་དམིགས་ཏེ་པེ་ཅིང་གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་རིགས་གཅིག་མཁས་པས་ལན་ཆ་གནང་དོན།
       1.གདགས་གཤིས་སུ་གྱུར་རྗེས་དུས་ཡུན་ཇི་ཙམ་སོང་ན་འགོག་གཟུགས་འབྱུང་སྲིད་དམ་ཞེ་ན།
       སྤྱིར་བཏང་མི་ཚོགས་ལ་ནད་དུག་འགོས་རྗེས་ནད་འགོག་མ་ལག་གིས་འཕྲལ་དུ་ནུས་པ་ཐོན་གྱི་ཡོད་པས་ཕྲ་ཕུང་གི་ནད་འགོག་དང་འགོག་གཟུགས་གཉིས་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་གི་ཡོད། སྤྱིར་བཏང་བྱས་ན་གཟའ་འཁོར་གཉིས་ཀྱི་རྗེས་སུ་འགོག་གཟུགས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཀྱི་ཡོད་པ་མ་ཟད་དུས་ཐུང་རིང་ད་དུང་ཆུ་ཚད་མཐོ་པོ་དེ་རྒྱུན་འཁྱོངས་ཐུབ་ཀྱི་ཡོད་པས་ལུས་ཕུང་ལ་སྲུང་སྐྱོབ་ངེས་ཅན་ཞིག་བྱེད་ཐུབ་ཀྱི་ཡོད། ཞིབ་འཇུག་བྱས་འབྲས་མང་པོ་ལས་མངོན་པར། རིམས་འགོག་སྨན་ཁབ་བརྒྱབ་པའམ་ནད་དུག་འགོས་རྗེས་བྱུང་བའི་ནད་འགོག་ནུས་པས་ནད་དུག་ཐེངས་གཉིས་པ་འགོ་ཚད་དམའ་རུ་གཏོང་ཐུབ་ཀྱི་ཡོད།
       2.གདགས་གཤིས་སུ་འགྱུར་རིང་རིམས་འགོག་སྨན་ཁབ་རྒྱག་ཆོག་གམ།
       གདགས་གཤིས་རིང་རིམས་འགོག་སྨན་ཁབ་རྒྱག་དགོས་མེད། གང་ལགས་ཞེ་ན། རིམས་འགོག་སྨན་ཁབ་ཀྱི་ནུས་པ་ནི་ནད་ཡམས་སྔོན་འགོག་བྱ་ཆེད་ཡིན་པ་ལས་དེར་སྨན་བཅོས་ཀྱི་ནུས་པ་མེད།
       3.ནད་དུག་འགོས་རྗེས་དུས་ཚོད་ཇི་ཙམ་སོང་ན་གཞི་ནས་རིམས་འགོག་སྨན་ཁབ་རྒྱག་དགོས་སམ།
       རྒྱལ་ཁབ་ཀྱི་ད་ཡོད་ཀྱི་ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་བེད་སྤྱོད་ལག་རྩལ་ཕྱོགས་སྟོན་ལྟར་ན། ཏོག་གསར་ནད་དུག་འགོས་རྗེས་ཀྱི་ཟླ་བ་དྲུག་ནང་ཚུན་སླར་ཡང་ནད་དུག་འགོས་པའི་གནས་ཚུལ་ཐོན་ཉུང་བ་སྟེ། དེ་སྔ་ཏོག་གསར་ནད་དུག་འགོས་མྱོང་བའི་མི་ཚོགས་ཀྱིས་ཟླ་བ་དྲུག་གི་རྗེས་སུ་རིམས་འགོག་སྨན་ཁབ་ཐེངས་གཅིག་བརྒྱབ་ན་འགྲིག་གི་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།