ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་བཀྲ་ཤིས་དབང་མོ་ཡིས། བརྩེ་སེམས་ཀྱིས་མཐོ་སྒང་གི་རྒན་གསོའི་བྱ་གཞག་ལ་འོད་སྣང་སྟེར།

སྤེལ་དུས 2024-03-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།


            རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་བཀྲ་ཤིས་དབང་མོ་ནི་སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་ནས་ཡིན་ལ། རྒན་གསོའི་ཁང་གི་མི་ཚོས་གུས་བརྩི་ཆེ་བའི་འགན་འཁུར་བ་ཡང་ཡིན། བཀྲ་ཤིས་དབང་མོ་ནི་ལོ་ན་བཅོ་བརྒྱད་ནས་བཟུང་རྒན་གསོ་ཁང་དུ་ཡོང་ནས་གཉོར་སྐྱོང་གི་ལས་ཀ་ལ་ཞུགས་ཤིང་། ལོ་ངོ་བཅུའི་རིང་། མོས་བསམ་པ་རྣམ་དག་གིས་ལོ་ན་བགྲེས་པ་དང་རང་བདག་ནུས་པ་མེད་པའི་རྒན་རྒོན་ཚོ་ལ་གཉོར་སྐྱོང་བྱས་པ་དང་། ལག་ལེན་དངོས་ལ་བརྟེན་ནས་བརྩེ་བ་དང་སྤྱི་ཚོགས་འགན་འཁྲི་མཚོན་པར་བྱས་ཡོད།


            རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིར་གྱུར་རྗེས། བཀྲ་ཤིས་དབང་མོ་བྲེལ་བ་ཇེ་ཆེར་སོང་། ད་ལྟར། ཁོ་མོས་རྒན་གསོ་ཁང་གསར་པར་སྤོ་བར་གྲ་སྒྲིག་ལས་ཀ་སྒྲུབ་པའི་ཞོར་དུ། ས་གནས་ཁག་ཏུ་རྟོག་ཞིབ་ལས་ཀ་ནང་ཟབ་ཞུགས་བྱེད་པ་དང་། གྲོང་ཁྱེར་ཆེན་པོའི་རྒན་གསོ་ལས་རིགས་ཀྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱེད་དགོས་པ་མ་ཟད། ད་དུང་གཞི་རིམ་གྲོང་སྡེ་རུ་སོང་ནས་རྒན་པ་ཚོའི་རྒན་གསོ་གནས་ཚུལ་ལའང་རྒྱུས་ལོན་བྱེད་དགོས་ཀྱིན་ཡོད། རྟོག་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད། རྒན་པ་ཚོས་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཞུ་བའི་སྐད་ཆ་རེ་རེས། བཀྲ་ཤིས་དབང་མོ་ལ་བག་ཆགས་ཟབ་མོ་བཞག་པས། མོའི་ཕྲག་སྟེང་གི་འགན་ཁུར་ལྷག་ཏུ་ལྗིད་པ་རྟོགས།


            དུས་རྒྱུན། བཀྲ་ཤིས་དབང་མོས་རྒན་གསོ་ཁང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་འབད་ཀྱིན་ཡོད། ཁོ་མོས་རྒན་པ་ཚོར་སྣེ་ཁྲིད་དེ་ཉིན་རེ་བཞིན་ལུས་སྦྱོང་དང་ལག་པ་འགུལ་སྤྱོད་བྱེད་པ། ལག་བཟོ་རྩལ་སྦྱོང་འཛིན་གྲྭ་བཙུགས་ནས་རྒན་པ་ཚོའི་ལུས་སེམས་བདེ་ཐང་ཡོང་བ་བྱེད་གང་ཐུབ་བྱས། ཁོ་མོས་ད་དུང་བྱེད་སྒོ་སྣ་ཚོགས་རྩ་འཛུགས་བྱེད་ཀྱིན་ཡོད་དེ། དཔེར་ན་འགྱིག་འདམ་རྩེ་པ་དང་ཆུ་ཚོན་རི་མོ་འབྲི་བ། འདར་དབྱངས་ནང་བརྙན་ལེན་པ། རྒན་པ་ཚོར་སྐྲ་ཚུགས་གསར་པ་ལས་པ། རྒན་པ་ཚོའི་ཚེ་མཇུག་ཏུ་བྱ་དངོས་གསར་པར་མྱོང་རོལ་བྱེད་བཅུག་ནས།སྔར་མེད་ཀྱི་དགའ་སྤྲོ་མྱོང་བཅུག་པ་རེད།


            རྒན་གསོ་ཁང་གི་རྒན་པ་ཚོ་ལོ་མང་པོའི་རིང་བཀྲ་ཤིས་དབང་མོའི་གྲོགས་བཟང་དུ་གྱུར་ཡོད། ཁོ་མོ་ལོ་ན་བཅོ་བརྒྱད་ཅན་གྱི་སྨན་ཆུང་བུ་མོ་ཞིག་ནས་ཁྱིམ་བཟའ་ཚང་ཆགས་པའི་བར། རྒན་པ་ཚོས་སྒེར་དོན་ཙག་ཙིག་གང་ཡོད་མོ་དང་གླེང་བཞིན་ཡོད། བཀྲ་ཤིས་དབང་མོས། ཁྱིམ་ཚང་གཅིག་ལ་རྒན་པ་ཞིག་ཡོད་པ་ནི་ནོར་བུ་ཡོད་པ་དང་མཚུངས། རྒན་གསོ་ཁང་དུ་རྒན་པ་འདི་འདྲ་མང་པོ་ཡོད་པས་ང་ལ་ནོར་བུ་མང་པོ་ཡོད་ཅེས་ཀུ་རེའི་ཚུལ་དུ་བཤད། རྒན་རྒོན་ཚོ་དང་མཉམ་དུ་ལོ་ཟླ་རིང་མོ་སྐྱིད་ཀྱིས་བསྐྱལ་ཡོད། ལོ་མང་པོའི་ལས་ཀ་དང་འཚོ་བའི་ཁྲོད། རྒན་པ་ཚོའི་གཅེས་སྐྱོང་དང་ཡིད་ཆེས་ཀྱིས་བཀྲ་ཤིས་དབང་མོའི་སེམས་པ་དྲོ་ལམ་ལམ་དུ་བྱས། ཁོ་མོས། མི་ཞིག་གི་ཚེ་གཅིག་གི་བདེ་སྐྱིད་ནི་རྒྱུ་ནོར་མང་པོ་གསོག་རྒྱུ་དེ་མིན་པར། རང་གིས་དགའ་བའི་བྱ་བ་གཉེར་རྒྱུ་དེ་རེད་ཅེས་བཤད།


            རྒན་གསོ་ཁང་གི་རྒན་པ་ཚོ་བྱེད་སྒོ་སྣ་ཚོགས་ལ་ཞུགས་པའི་པར་རེད།

            གཞི་རིམ་ནས་ཡོང་བའི་མི་དམངས་འཐུས་མི་ཞིག་ཡིན་པའི་ཆ་ནས། མཐོ་སྒང་མི་རིགས་ས་ཁུལ་གྱི་རྒན་གསོ་ཞབས་ཞུ་ལས་ཀའི་ཐད་བཀྲ་ཤིས་དབང་མོར་རང་གི་འདང་རྒྱག་སྟངས་ཤིག་ཡོད་པ་རེད། ཁོ་མོས། མཐོ་སྒང་ས་ཁུལ་ས་རྒྱ་ཆེ་ལ་མི་འབོར་ཉུང་བས། གཅིག་བསྡུས་རྒན་གསོ་ལག་བསྟར་བྱེད་ན་དཀའ་ལས་ཅུང་ཆེ་བ་དང་། དུས་མཚུངས་སུ་སྲོལ་རྒྱུན་གྱི་ཁྱིམ་ཚང་འདུ་ཤེས་ནི་རྒན་པ་ཁག་ཅིག་རྒན་གསོ་ཁང་དུ་སྡོད་པའི་བཀག་རྒྱ་ཆེན་པོ་ཞིག་རེད། ཁོ་མོས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་གནས་དེ་གའི་མང་ཚོགས་ཀྱི་རྒན་གསོ་འདུ་ཤེས་ལ་འགྱུར་བ་བཏང་ནས། སྤྱི་ཚོགས་ཅན་གྱི་རྒན་གསོ་ཞབས་ཞུ་བྱེད་སྟངས་ལ་བསམ་ཤེས་དང་དང་ལེན་བྱེད་པའི་རེ་བ་ཡོད་ཅེས་བཤད།


            མིག་སྔར་དར་ཤུགས་ཆེ་བའི་རྒན་གསོ་ཞབས་ཞུ་ལས་རིགས་ཐད། བཀྲ་ཤིས་དབང་མོས་རང་གི་བསམ་འཆར་འདོན་པ་རེད། རྒན་གསོའི་ལས་རིགས་ནང་ཞུགས་ན་གཙང་བཙོག་ལ་མི་ལྟ་བ་དང་དཀའ་ངལ་མི་འཛེམ་པར་མ་ཟད། ད་དུང་ངང་རྒྱུད་རིང་ཞིང་ཏན་ཏིག་བྱེད་དགོས། རྒན་པ་རེ་རེ་རང་གི་ཁྱིམ་མི་བཞིན་བདག་སྐྱོང་བྱེད་པ་དང་བྱམས་ཀྱིས་སྐྱོང་དགོས་པ་ལས། དེ་ནི་ལས་ཀ་སྤྱིར་བཏང་བ་ཞིག་ལ་བརྩི་མི་རུང་ཞེས་བཏོན་པ་རེད། བཀྲ་ཤིས་དབང་མོས། ལྷག་ཏུ་འབར་ཁམས་ལྟ་བུའི་ཅུང་བས་མཐའ་རུ་ཡོད་པའི་མི་རིགས་ས་ཁུལ་དུ། རྒན་གསོའི་ལས་རིགས་ཀྱི་འཇོན་མི་དགོས་མཁོ་ཆེ། ལྷག་པར་དུ་ན་གཞོན་དཔུང་ཁག་ཇེ་ཆེར་གཏོང་དགོས། ཁོ་མོས་ན་གཞོན་དེ་ལས་མང་པོ་རྒན་གསོའི་ལས་ཀའི་ནང་ཞུགས་ནས་རྒན་གསོ་ལས་ཀའི་དོན་སྙིང་རྟོགས་པའི་རེ་བ་ཆེན་པོ་ཡོད་ཅེས་བཤད།


            ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག བཀྲ་ཤིས་དབང་མོས་བཏོན་པའི་བསམ་འཆར་ནི། སྣེ་མང་ཅན་གྱི་རྒན་གསོའི་ཞབས་ཞུ་མ་ལག་འཛུགས་པ་དང་། སྤྱི་ཚོགས་རྩ་འཛུགས་དང་ཁྱིམ་སྐྱོང་མི་སྣ་དེ་ལས་མང་པོ་རྒན་གསོ་ལས་གཞིའི་ལག་བསྟར་ནང་ཞུགས་པ། ད་ལྟའི་རྒན་པ་བདག་སྐྱོང་ཞབས་ཞུའི་མཁོ་འདོན་མི་འདང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས། མཐོ་སྒང་མི་རིགས་ས་ཁུལ་གྱི་རྒན་གསོ་ལས་དོན་སྔར་བས་ཁྱོན་ཡོངས་ཅན་དང་ཆེད་ལས་ཅན་དུ་འགྱུར་རུ་བཅུག་དགོས་པ་ཞེས་པ་དེ་རེད།

རྩོམ་སྒྲིག་པ།  རིག་གྲོལ།