ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གཞིས་རྩེ་ནས་ཉེས་ཅན་6བཟུང་འདུག

སྤེལ་དུས 2024-03-05 ཡོང་ཁུངས། རྩོམ་པ་པོ།

             ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་དུ་ཐོན་པའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་བཞི་བསྟུད་མར་རྩད་ཆོད་ནས། དོགས་ཡོད་ཉེས་ཅན6བཟུང་སྟེ་གནོད་འཚེ་ཕོག་མཁན་ལ་གྱོང་གུན་སྒོར་ཁྲི10ལྷག་ཙམ་ཕྱིར་སློག་བྱས་ཡོད།


             གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། དེ་སྔོན་ཆེད་དོན་ཚོགས་ཆུང་གིས་གྱོད་དོན་སྙན་སེང་ཞུ་མཁན་གྱིས་མཁོ་འདོན་བྱས་པའི་ཆ་འཕྲིན་གྱི་ཁུངས་སྣེར་ཞིབ་འཇུག་དབྱེ་ཞིབ་ཞིབ་ཚགས་བྱས་པ་དང་ཆབས་ཅིག་འབྲེལ་ཡོད་གྱོད་འབྲེལ་གྱི་གཱ་བསྡམས་བཅད་བྱས་རྗེས་སྔ་རྗེས་སུ་ཧུའུ་ནན་དང་། ཧོ་ནན། པེ་ཅིང་། ཀོང་ཤིས། ཧེ་ལུང་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར་དུ་བསྐྱོད་ཅིང་ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱི་གཞོགས་འདེགས་འོག་བསྟུད་མར12.27ཡི་པད་ཆེ་གེ་མོའི་ཁ་བསླུས་གྱོད་གཞི་རྩད་ཆོད་ནས། དོགས་ཡོད་ཉེས་ཅན3བཟུང་སྟེ་མ་དངུལ་སྒོར61218འདེད་ལེན་ཐུབ་པ་དང་། ཅཱ་ཆེ་གེ་མོས་ཁ་བསླུས་གྱོད་གཞི་རྩད་ཆོད་ནས། དོགས་ཡོད་ཉེས་ཅན1བཟུང་སྟེ་མ་དངུལ་སྒོར10000འདེད་ལེན་ཐུབ་པ། 10.12བསམ་ཆེ་གེ་མོའི་ཁ་བསླུས་གྱོད་གཞི་རྩད་ཆོད་ནས། དོགས་ཡོད་ཉེས་ཅན1བཟུང་སྟེ་སྒོར10000འདེད་ལེན་ཐུབ་པ། 1.24ཟླ་ཆེ་གེ་མོས་ཁ་བསླུས་གྱོད་གཞི་རྩད་ཆོད་ནས། དོགས་ཡོད་ཉེས་ཅན1བཟུང་སྟེ་སྒོར21000འདེད་ལེན་ཐུབ་ཡོད།


              མིག་སྔར་སྒྲུབ་གཉེར་བྱེད་བཞིན་པའི་གྱོད་གཞི4ཡི་ཁྲོད་ཁྱོན་དོགས་ཡོད་ཉེས་ཅན6བཟུང་བ་དང་། དེ་ལས་མི2ལ་ཁག་ཐེག་བཙལ་ནས་ཞུ་བ་ལེན་རྒྱུ་སྒུག་པ་དང་མི4ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ལ་སྤྲད་རྒྱུ་ཐག་བཅད་ཡོད། 

རྩོམ་སྒྲིག་པ། རིག་གྲོལ།