ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གསེར་དང་དངུལ་གྱི་གོང་ཚད་ཆེན་པོ་ཆག

སྤེལ་དུས 2026-03-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

            ཟླ3པའི་ཚེས23ཉིན་གྱི་སྔ་དྲོར། རྒྱལ་ནང་གི་གསེར་གྱི་གོང་ཚད་མྱུར་དུ་སྒོར1000ལ་ཆག་པ་དང་། ཧྲང་ཧའེ་ཡི་གསེར་ཉོ་ཚོང་སུའོ་ཡི་གཞུང་ཕྱོགས་དྲ་ཚིགས་ལས་མངོན་པར། ཧྲང་ཧའེ་ཡི་སྔ་དྲོའི་གསེར་གྱི་གོང་ཚད་ཁེ་རེར་སྒོར982.63དང་དངུལ་སྟོང་ཁེ་རེར་སྒོར16718ཡིན།


            གཟའ་འཁོར་སྔོན་མར། རྒྱལ་སྤྱིའི་སྣུམ་རིན་ཆེས་ཆེར་འཕར་བ་དེས་ཁྲོམ་རས་གོ་ལ་ཧྲིལ་པོའི་དངུལ་ལོར་འགྲེམ་ཐལ་ཤོར་བ་སླར་ཡང་ཐོན་རྒྱུར་སེམས་ཁྲལ་བྱུང་བ་དང་། ཨ་སྒོར་གྱི་བསྡུར་གྲངས་འཕར་བ་ལས། རྒྱལ་ཁབ་མང་པོའི་ཀྲུང་དབྱང་དངུལ་ཁང་གིས་སྡེབ་གཅིག་ལ་མཐོ་གནོན་གྱི་བྱེད་རྩིས་ཀྱི་བརྡ་བཏང་བ་དང་། དབུས་ཤར་ས་ཁུལ་གྱི་ས་མཚམས་ཀྱི་གདོང་ཐུག་གནད་དོན་ཛ་དྲག་པའི་གནས་ཚུལ་འོག གསེར་ནི་དཔལ་འབྱོར་ཉམས་ཉེས་ལ་ཁ་གཏད་གཅོག་བྱེད་ནུས་ལྡན་ཞིག་ཡིན་པའི་ངོས་ནས། གཟའ་འཁོར་གསུམ་པར་གོང་ཚད་བསྟུད་མར་ཆག་པ་དང་། དེ་ལས་ཉིའུ་གཡོད་ཚོང་ཟོག་ཉོ་ཚོང་སུའོ་ཡི་གསེར་གྱི་དུས་བཅད་ཀྱི་ཁས་ཁྱག་གོང་ཚད9.62%ཆག་ནས། ལོ15ནང་ཚུན་གྱི་གཟའ་འཁོར་གཅིག་རིང་གི་ཆག་ཤུགས་ཆེ་ཤོས་སུ་སླེབས་པ་དང་། དངུལ་གྱི་དུས་བཅད་ཀྱི་ཁས་ཁྱག་གོང་ཚད14.36%ཆག


            ཉེ་དུས་སུ་ཁྲོམ་རའི་ཉེན་ཁ་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་ཧྲང་ཧའེ་གསེར་ཉོ་ཚོང་སུའོ་ཡི་བརྡ་ཐོ་གཤལ་གསལ།

            ཚེས23ཉིན། ཧྲང་ཧའེ་གསེར་ཉོ་ཚོང་སུའོ་ཡིས་བརྡ་ཐོ་བཏང་བ་ལྟར་ན། ཉེ་དུས་སུ་ཁྲོམ་ར་ཟང་ཟིང་འབྱུང་རྐྱེན་མང་བ་དང་གསེར་དངུལ་ལ་སོགས་པའི་གོང་ཚད་འཕར་ཆག་མངོན་གསལ་དོད་པོར་གྱུར་ཡོད། ཚོགས་མིའི་ཚན་པ་ཁག་གིས་ཁྲོམ་རའི་འགྱུར་ལྡོག་ལ་དོ་སྣང་དང་། ཉེན་ཁའི་འཕྲལ་སྡོམ་གྱི་སྔོན་ཇུས་ཞིབ་ཕྲ་བཟོས་ནས་ཁྲོམ་ར་འཁོར་སྐྱོད་བརྟན་པོ་ཡོང་བར་སྲུང་སྐྱོང་དང་། དུས་མཚུངས་སུ་མ་དངུལ་གཏོང་མཁན་ལ་ཉེན་ཁ་སྔོན་འགོག་གི་ལས་དོན་ཡག་པོ་བསྒྲུབ་པ་དང་། གཏོང་ཡོང་ལས་དོན་ལ་ཚོད་འཛིན་རན་པོའི་སྒོ་ནས་མ་རྩ་འཇོག་དགོས་ལུགས་ཐད་དྲན་སྐུལ་ནན་པོ་བྱས་ཡོད།

རྩོམ་སྒྲིག་པ། རིག་གྲོལ།