ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དགྲ་བོ་མིན་པའི་གྲུ་གཟིངས་དབྱི་རན་གྱི་མཚོ་འགག་ཏུ་བསྐྱོད་ཆོག་པ།

སྤེལ་དུས 2026-03-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་དབྱི་རན་གྱི་འཐུས་མི་ཚོགས་པས་ཐེ་ཧེ་རན་གྱི་དུས་ཚོད་ཚེས25ཉིན་གྱི་ཐོ་རེངས་ཀྱི་མཚམས་སུ་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གསལ་བསྒྲགས་སྤེལ་ནས་དགྲ་བོའི་ཕྱོགས་གཏོགས་ཀྱི་གྲུ་གཟིངས་མིན་ཚེ།  གལ་སྲིད་དེའི་ཁོངས་གཏོགས་སམ་ཡང་ན་འབྲེལ་ཡོད་རྒྱལ་ཁབ་ཀྱིས་དབྱི་རན་ལ་དམིགས་པའི་བཙན་འཛུལ་བྱ་སྤྱོད་ལ་མི་ཞུགས་པ་མ་ཟད་རྒྱབ་སྐྱོར་ཡང་མི་བྱེད་པ་དང་འབྲེལ། བདེ་འཇགས་དང་བདེ་སྲུང་གི་གཏན་འབེབས་ལ་བརྩི་སྲུང་ཞུས་ཚེ་དབྱི་རན་གྱི་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་འོག་ཧོར་མུའུ་ཙི་མཚོ་འགག་ཏུ་ཤར་སྐྱོད་བྱེད་ཆོག་པ་ཁྱབ་བསྒྲགས་བྱས།

ཧོར་མུའུ་ཙི་མཚོ་འགག་གི་ས་ཁྲ།

             ཚེས25ཉིན། ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་བསྡུ་འདྲེན་ཀུང་སིས་བརྡ་ཐོ་བཏང་བ་གཤམ་གསལ།
             དེ་རིང་ནས་བཟུང་། ངེད་ཀུང་སིས་རྒྱང་ཤར་ས་ཁུལ་ནས་དབུས་ཤར་ས་ཁུལ་བར་གྱི་གཤམ་གསལ་རྒྱལ་ཁབ་ཁག་གི་གསར་དུ་གཏན་འཁེལ་བྱས་པའི་གྲུ་ཁང་མངག་ཉོ་བྱེད་པའི་ལས་སྒོ་གཉེར་རྩིས་ཡོད་པ་སྟེ།
             ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་། སོ་ཏི་ཨ་རབ། པ་རེན། ཁ་ཐར། ཁུ་ཝེ་ཐེ། དབྱི་རག་བཅས་ཀྱི་ས་ཆ་ཡིན།
             དོ་སྣང་གནང་རོགས། དབུས་ཤར་ས་ཁུལ་གྱི་གནས་བབ་འགྱུར་ལྡོག་ཆེ་བའི་རྐྱེན་གྱིས། གོང་གསལ་གྱི་གསར་དུ་གཏན་འཁེལ་བྱས་པའི་གྲུ་ཁང་ལས་དོན་བཀོད་སྒྲིག་དང་དངོས་ཡོད་ཀྱི་སྐྱེལ་འདྲེན་ལས་དོན་ལ་འགྱུར་ལྡོག་འགྲོ་སྲིད། གྲུ་ཁང་བཀོད་སྒྲིག་དང་། གྲོན་དངུལ། སྐྱེལ་འདྲེན་གྱི་ཆ་རྐྱེན་སོགས་ཀྱི་ཞིབ་ཕྲའི་དོན་ཚན་ཐད་དུ། ང་ཚོའི་ཀུང་སིའི་ས་གནས་ཀྱི་ཚབ་བྱེད་མི་སྣ་དང་། ཁྱེད་ཀྱི་ཞབས་ཞུའི་འཐུས་མི། ཡང་ན་ང་ཚོའི་ཀུང་སིར་ཐད་ཀར་འབྲེལ་བ་གནང་རོགས། ཞབས་འདེགས་ཀྱི་དྲན་སྐུལ་ཁྱབ་བསྒྲགས་མ་བྱས་གོང་། ངེད་ཀུང་སིས་དང་ལེན་བྱས་པའི་རྒྱང་ཤར་ས་ཁུལ་ནས་དབུས་ཤར་ས་ཁུལ་བར་གྱི་གྲུ་ཁང་མངག་ཉོ་དང་། གོང་གསལ་གྱི་གསར་དུ་གཏན་འཁེལ་བྱས་པའི་གྲུ་ཁང་མངག་ཉོའི་ལས་སྒོའི་བཀོད་སྒྲིག་དེ་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་ངེད་ཀུང་སིས་གྲུ་ཁང་མངག་ཉོ་བྱས་པའི་དངོས་ཟོག་དེའི་སྐྱེལ་འདྲེན་བཀོད་སྒྲིག་དང་འབྲེལ་བ་ཡོད་པའི་ཁེ་དབང་ལ་ཤུགས་རྐྱེན་མི་ཐེབས་པ་དང་། ང་ཚོས་དབུས་ཤར་ས་ཁུལ་གྱི་གནས་ཚུལ་འཕེལ་རྒྱས་ལ་མུ་མཐུད་དོ་ཁུར་བྱ་རྒྱུ་དང་འབྲེལ་གཞུང་ཕྱོགས་ཀྱི་དྲ་ཚིགས་དང་དེ་བཞིན་འགྲུལ་པར་ཞབས་འདེགས་ཞུ་བའི་ཐབས་ལམ་བརྒྱུད་དུས་ཐོག་ཏུ་ཁྱེད་ལ་རྗེས་མཐུད་ཀྱི་འཕེལ་རིམ་གསར་བཤད་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད།
  ཁྱེད་ཀྱིས་སྔ་ཕྱི་བར་གསུམ་དུ་དམིགས་བསལ་གྱི་དུས་སྐབས་འདིར་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་བསྡུ་འདྲེན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན།  
  ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་བསྡུ་འདྲེན།
  2026ལོའི་ཟླ3པའི་ཚེས25ཉིན།

             དེ་སྔོན། ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་བསྡུ་འདྲེན་གྱིས་ཟླ3པའི་ཚེས4ཉིན་ཞབས་ཞུའི་དྲན་སྐུལ་ཁྱབ་བསྒྲགས་བྱས་ནས། དབུས་ཤར་ས་ཁུལ་གྱི་གདོང་ཐུག་མུ་མཐུད་ཛ་དྲག་ཆེ་རུ་ཕྱིན་པར་དམིགས་ནས་ཧོར་མུའུ་ཙི་མཚོ་འགག་གི་མཚོ་ཐོག་འགྲིམ་འགྲུལ་ལ་དེ་མཚུངས་ཀྱི་ཚོད་འཛིན་ཕོག་ཡོད། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་ཁྱེད་ཀྱི་དངོས་ཟོག་སྐྱེལ་འདྲེན་བདེ་འཇགས་དང་དེ་བཞིན་མཚོ་ཐོག་སྐྱེལ་འདྲེན་གཉེར་སྐྱོང་ཧྲིལ་པོར་འགན་ལེན་བྱ་ཆེད། ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་བསྡུ་འདྲེན་གྱིས་ཉེན་ཁའི་དཔྱད་དཔོག་བྱས་འབྲས་གསར་ཤོས་ལ་གཞིགས་ན། དེ་ཉིན་ནས་བཟུང་འབྲེལ་ཡོད་ཀྱི་མཚོ་ཐོག་གྲུ་གཟིངས་ཀྱི་ལས་སྒོ་གཉེར་མཚམས་འཇོག་པ་དང་། རྗེས་སོར་ལས་སྒོ་ག་དུས་གཉེར་མིན་བརྡ་ཐོ་གཏོང་གི་ཡིན་ཞེས་བརྗོད་ཡོད།

             ཟླ3པའི་ཚེས25ཉིན། ཀྲུང་གོའི་གྲུ་གཟིངས་ཧོར་མུའུ་ཙི་མཚོ་འགག་བརྒྱུད་མིན་སྐོར་འདྲི་སྐབས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་གྲུ་ལམ་ཤར་བགྲོད་བདེ་འཇགས་སྲུང་སྐྱོང་བྱེད་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་གྱི་ཡོད་ཅེས་བཤད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱོགས་ཁག་དང་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ནས་དུས་བབ་ཞི་ལྷོད་དུ་འགྲོ་བར་གཞོལ་རྒྱུ་ཡིན།
རྩོམ་སྒྲིག་པ། རིག་གྲོལ།