ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

པེ་ཅིང་དུ་བསྟུད་མར་ཉིན23རིང་ལ་ས་གནས་རང་ནས་བྱུང་བའི་ནད་པ་མེད་་་་་

སྤེལ་དུས 2021-02-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཟླ2པའི་ཚེས21ཉིན་གྱི་ཆུ་ཚོད0ནས24བར་ས་གནས་རང་ནས་བྱུང་བའི་ནད་དཔེ་དང་དོགས་ཡོད་ནད་དཔེ། ནད་རྟགས་མེད་པའི་ནད་དཔེ་བཅས་གཅིག་ཀྱང་བྱུང་མེད། ཕྱི་རྒྱལ་ནས་ཐོན་པའི་ནད་རྟགས་གཏན་འཁེལ་བྱུང་བའི་ནད་དཔེ1གསར་དུ་འཕར་ཡོད། དེ་མིན་དོགས་ཡོད་ནད་དཔེ་དང་ནད་རྟགས་མེད་པའི་ནད་པ་གཅིག་ཀྱང་གསར་དུ་འཕར་མེད།  དྲག་སྐྱེད་བྱུང་བའི་ནད་པ2སྨན་ཁང་ནས་བུད། 
          ནད་དཔེ་གཏན་འཁེལ་བྱུང་བའི་ནད་པ་ནི་ཐེམ་ཐོ་ཀྲུང་གོ་ནས་ཡིན་ཞིང་ཁ་ན་ཏར་སློབ་སྦྱོང་བྱེད་མཁན་ཞིག་ཡིན། ཁོང་ཉིད་ཁ་ན་ཏ་ནས་ལམ་ལ་ཆས་ཏེ་ཟླ2པའི་ཚེས18ཉིན་པེ་ཅིང་གི་རྒྱལ་སའི་གནམ་ཐང་དུ་འབྱོར། འགག་སྒོས་བདེ་ཐང་བརྟག་དཔྱད་དང་ཉིང་སྐྱུར་བཤེར་འཇལ་ཚད་ལེན་བྱས་འབྲས་སྲིབ་གཤིས་ཡིན་པ་དང་བཀག་སྡོམ་དོ་དམ་བྱས་པ་བརྒྱུད་ནས་གཅིག་བསྡུས་སྒོས་ལོགས་བཀར་མགྲོན་ཁང་དུ་བསྐྱལ། ཟླ2པའི་ཚེས20ཉིན་ཉིང་སྐྱུར་བཤེར་འཇལ་ཚད་ལེན་བྱས་འབྲས་གདགས་གཤིས་ཡིན་ལ། ཟླ2པའི་ཚེས21ཉིན་དམིགས་འཛུགས་སྨན་ཁང་དུ་བསྒྱུར་ཏེ་རིམས་ནད་ཀྱི་ལོ་རྒྱུས་དང་ནད་རྟགས་མངོན་ཚུལ། ཚོད་ལྟ་ཁང་གི་བརྟག་དཔྱད། གཟུགས་བརྙན་རིག་པའི་བརྟག་དཔྱད་སོགས་ཀྱི་དཔྱད་འབྲས་ལ་གཞིགས་ནས། ཉིན་དེར་ནད་རྟགས་གཏན་འཁེལ་བྱུང་བའི་ནད་དཔེ་ཡི་གྲས་སུ་བཅུག  ཁོང་གི་ནད་རྟགས་ནི་ཡང་མོའི་རིགས་ཡིན།
          ནད་དཔེ་གཏན་འཁེལ་བྱུང་བའི་རིམས་ནད་རིག་པའི་བརྟག་དཔྱད་བྱས་ཟིན་པ་དང་བླང་བྱ་ལྟར་དོ་དམ་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།