ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ད་ལྟའི་ན་གཞོན་ཚོ་གཉེན་སྒྲིག་བྱེད་རྒྱུར་དགའ་པོ་མེད་དམ།

སྤེལ་དུས 2021-02-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཟླ2པའི་ཟླ་དཀྱིལ་དུ2020ལོའི་རྒྱལ་ཡོངས་ཀྱི་གཉེན་སྒྲིག་ཐོ་འགོད་མི་གྲངས་ཁྲི813ཟིན་པ་དེ་དུས་མཚུངས་ལས12.2%ཀྱིས་མར་ཆག་འདུག  ཉེ་བའི་ལོ་ཤས་ཀྱི་རིང་ལ་གཉེན་སྒྲིག་བྱེད་མཁན་གྱི་མི་གྲངས་ཇེ་ཉུང་དུ་འགྲོ་བ་དང་གཉེན་སྒྲིག་བྱེད་ཚད་མར་ཆག་པ་སོགས་ཀྱི་གནས་ཚུལ་ང་ཚོའི་མིག་མདུན་དུ་མངོན་པར་ཤར་བྱུང་། ད་ལྟའི་ན་གཞོན་ཚོ་གཉེན་སྒྲིག་བྱེད་པར་དགའ་བོ་མེད་དམ།  དོན་དངོས་ཐོག་གཉེན་སྒྲིག་གི་གནས་ཚུལ་ཅི་འདྲ་ཡིན་ནམ། མིག་སྔར་མི་མང་པོ་ཞིག་གིས་གཉེན་སྒྲིག་བྱེད་ཚད་སྔོན་ཆད་ལས་འཕྱི། འོན་ཀྱང་འདིས་མི་ཚེ་གང་བོར་གཉེན་སྒྲིག་མི་བྱེད་པ་མཚོན་མི་ཐུབ། གཞི་གྲངས་ལྟར་ན་གཉེན་འཐོར་བྱེད་པའི་ཁ་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་འདིས་གཉེན་འཐོར་བྱེད་པ་ཡོངས་ཁྱབ་ཏུ་གྱུར་བཞིན་ཡོད་པ་མཚོན་གྱིན་མེད།
རྩོམ་སྒྲིག་པ། བདེ་སྒྲོལ།