ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

《ཇོ་མོ་གླང་མའི》ཞིབ་དཔྱད་འཁྲབ་སྟོན་བོད་ལྗོངས་སུ་བྱས་པ།

སྤེལ་དུས 2025-06-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
     ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ6པའི་ཚེས16ཉིན་གྱི་དགོང་མོར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གནད་དུ་བཏོད་པའི་གཏམ་བརྗོད་ཟློས་གར་ཆེ་གྲས《ཇོ་མོ་གླང་མ》ཞེས་པའི་ཞིབ་དཔྱད་འཁྲབ་སྟོན་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པར་བྱས།
གཏམ་བརྗོད་ཟློས་གར《ཇོ་མོ་གླང་མ》ཞེས་པའི་འཁྲབ་སྟོན་གྱི་ཡུལ་དངོས།
     ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སུ། ས་ཕྱོགས་གང་ས་ནས་ཡོང་བའི་གཞོན་ནུ་ཤེས་ཡོན་ཅན་གྱིས་དགའ་བ་འབུམ་གྱིས་མྱོས་པ་དང་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཤིང“སྐར་ལྔའི་རུ་ཆུང”ཞེས་པའི་ཚོགས་པ་ཆུང་ཆུང་ཞིག་བཙུགས་ནས། དམག་སྡེ་བཅོ་བརྒྱད་པའི་རྗེས་སུ་འབྲངས་ནས་གངས་ལྗོངས་ས་མཐོར་བསྐྱོད་པའི་རྒྱང་སྐྱོད་ཀྱི་ལམ་བུར་ཞུགས། སྐབས་དེར་བོད་ལྗོངས་སུ་བསྐྱོད་པའི་བགྲོད་ལམ་ནི་དཀའ་ངལ་དང་འགལ་རྐྱེན་དུ་མས་ཁེངས་ཡོད་དེ། གསོ་རླུང་ཉུང་ལ་ཟ་འབྲུ་དཀོན་པས། གོམ་པ་གང་ཡིན་རུང་མདུན་དུ་སྤོ་བ་ལས་སླ་མོ་མེད། ཡིན་ནའང་ཁོང་ཚོས་ཕྱི་སྣུར་སྤུ་ཙམ་ཡང་མ་བྱས་པར་འགྱུར་མེད་ཀྱི་བློ་སྟོབས་དང་གཡོ་མེད་ཀྱི་དད་སེམས་ལ་བརྟེན་ནས་མིག་མདུན་གྱི་དཀའ་ངལ་མཐའ་དག་རེ་རེ་བཞིན་ཁྱད་གསོད་བྱས། གཏམ་བརྗོད་ཟློས་གར《ཇོ་མོ་གླང་མ》ཞེས་པ་གཏམ་རྒྱུད་བརྗོད་པའི་ཐབས་ལ་བརྟེན་ནས“བོད་ལྗོངས་རྙིང་པའི”གཏམ་རྒྱུད་བརྗོད་པ་ཞིག་ཡིན་ཏེ།  “གཞན་ལས་ལྷག་པའི་དཀའ་སྡུག་བཟོད་ཐུབ་པ་དང་། འཐབ་འཛིང་བྱེད་ཐུབ་པ། བཟོད་སྒོམ་བྱེད་ཐུབ་པ།  མཐུན་སྒྲིལ་བྱེད་ཐུབ་པ། ལེགས་སྐྱེས་འབུལ་ཐུབ་པའི”བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་གཏམ་རྒྱུད་ཀྱི་ཕྱི་ནང་བར་གསུམ་དུ་མཚོན་པར་བྱས་ཡོད།
གཏམ་བརྗོད་ཟློས་གར《ཇོ་མ་གླང་མ》ཞེས་པའི་འཁྲབ་སྟོན་གྱི་ཡུལ་དངོས།
     ཤེས་རྟོགས་བྱུང་བར་གཞིགས་ན། གཏམ་བརྗོད་ཟློས་གར《ཇོ་མོ་གླང་མ》ཞེས་པ་དེ་རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའི་སྒྱུ་རྩལ་སི་ཡིས་ལོ་གསུམ་གྱི་རོགས་སྐྱོར་རྣམ་གྲངས་གལ་ཆེན་ནང་བཅུག་ཡོད། གཏམ་བརྗོད་ཟློས་གར་གྱི་འཁྲབ་གཞུང་རྩོམ་པ་དང་། འཁྲབ་ཁྲིད་པ། གློག་འོད་ཇུས་འགོད། ཞབས་བྲོའི་འཁྲབ་ཁྲིད་སོགས་གསར་རྩོམ་ཚོགས་པ་དེ་དག་ནི་ལས་རིགས་ནང་ཁུལ་གྱི་སྐད་གྲགས་ཆེ་བའི་ཆེད་མཁས་པ་ཤ་སྟག་ཡིན་པ་དང་། འཁྲབ་སྟོན་ལ་ཞུགས་མཁན་གྱི་གྲས་སུ་བོད་ལྗོངས་གཏམ་ཟློས་གར་ཚོགས་པའི་རེ་རབས་པ་དང་། དོན་རབས་པ། གྱ་རབས་པ། གོ་རབས་པ་བཅས་སུ་སྐྱེས་པའི་འཁྲབ་སྟོན་པ་རྒན་དར་གཞོན་གསུམ་ཚང་ཡོད་པ་དང་། དེའི་ཁྲོད་གྱ་རབས་པ་དང་གོ་རབས་པའི་ནང་དུ་སྐྱེས་པའི་ན་གཞོན་ཚོས་རྐང་འཛིན་པའི་ནུས་པ་འདོན་བཞིན་ཡོད། གཏམ་བརྗོད་ཟློས་གར་འདིས་གཞོན་ནུ་མི་རབས་གསར་པ་གསོ་སྐྱོང་བྱ་རྒྱུར་གོ་སྐབས་བཟང་པོ་བསྐྲུན་ཡོད།
གཏམ་བརྗོད་ཟློས་གར《ཇོ་མོ་གླང་མ》ཞེས་པའི་འཁྲབ་སྟོན་གྱི་ཡུལ་དངོས།
     གཏམ་བརྗོད་ཟློས་གར《ཇོ་མོ་གླང་མ》ཞེས་པ་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ཡིན་པར་མ་ཟད། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན། གསོན་ཉམས་ལྡན་པའི་གར་སྟེགས་ལས་ལྟད་མོ་བ་ཚོས་རླབས་ཆེའི་ལོ་རྒྱུས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྟོགས་ཐུབ།