ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་རྩེ་མདའ་མང་དུས་ཆེན་སྟེང་གི་རྟ་པ་ཆུང་ཆུང་གི་ཉམས་འགྱུར།

སྤེལ་དུས 2025-09-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ9པའི་ཚེས6ཉིན། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་རྟེན་འབྲེལ་ཞུ་བ་དང2025ལོའི་རྒྱལ་རྩེ་མདའ་མང་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་འཚོགས་པ་རེད། ཉིན་དེའི་སྔ་དྲོར། དོ་ཁུར་ཆེན་པོ་བྱེད་པའི་སྲོལ་རྒྱུན་རྟ་རྒྱུག་འགྲན་བསྡུར་དགའ་སྤྲོ་འཁོལ་བའི་ངང་འགོ་ཚུགས་ནས་མིག་གི་ལོངས་སྤྱོད་ཆེ་ཤོས་ཀྱི་བྱེད་སྒོ་ཞིག་ཏུ་གྱུར་ཡོད། 

རྟ་པ་ཚོས་འགྲན་བསྡུར་བྱེད་བཞིན་པ།

             འགྲན་རའི་ནང་དུ། བདེ་རྩལ་འཁྱུག་པའི་རྟ་མཆོག་ནི་བྱ་འཕུར་བ་བཞིན་དང་། རྟ་པ་རྣམས་ནི་བློ་སྟོབས་ཆེ་སྐྱེད་ཡིན་པ། གསར་འགོད་པས་དོ་སྣང་བྱུང་བར། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་ནི་ན་གཞོན་གཙོ་བོ་ཡིན་པ་དང་། དེ་བས་ཀྱང་བྱིས་བློ་དོར་མེད་པའི་རྟ་པ་ཆུང་ཆུང་ཡང་མི་ཉུང་བ་ཞིག་བློ་ཁོག་ཆེན་པོས་འགྲན་བསྡུར་ནང་ཞུགས་པ་དེས་རྒྱལ་རྩེའི་རྟ་རྩལ་རིག་གནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་སྐྱེ་སྟོབས་མཚོན་ཡོད། རྟ་ཐོག་ཏུ་ཁོ་ཚོའི་གཟུགས་ཀྱི་དཔའ་ཆ་ཐང་ལ། རྟ་གཅུན་མཁས་པ། རྒྱུག་གིན་འདེད་ཀྱིན་གྱི་འགྲན་རྩོད་དྲག་པོས་དཔའ་ངར་དང་བློ་སྟོབས་མངོན་ཡོད།

འགྲན་བསྡུར་ཡུལ་དངོས་ཀྱི་ལྟད་མོ་བ།

             ལྟད་མོ་བ་ཚོ་ནི་སྤྲོ་བས་ཁེངས་ཤིང་། དགའ་འབོད་ཀྱི་སྒྲ་དང་རྟའི་རྨིག་པའི་སྒྲ་ནི་རྣ་ལམ་དུ་ལྷང་ལྷང་བསྒྲགས། མི་རྣམས་ཀྱིས་རྟ་པ་ཚང་མའི་ངོ་མཚར་ཆེ་བའི་རྟ་རྩལ་ལ་བསྔགས་བརྗོད་ཀྱི་མེ་ཏོག་སྟོར་བ་མ་ཟད། ལྷག་པར་སྟོབས་ཤུགས་དང་མཛེས་ཉམས། སྲོལ་རྒྱུན་དང་ལང་ཚོ་མཉམ་དུ་འདུས་པའི་ལྗོངས་རྣམ་དེ་ལྟ་བུས་ཡིད་ཀྱི་བརྟན་པ་འཕྲོག་ཡོད་ངེས།