ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ས་མཐོར་རྐང་འཁོར་འགྲན། མཛེས་ལྗོངས་མྱོང་རོལ་བྱེད།

སྤེལ་དུས 2025-09-16 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
མལ་གྲོ་གུང་དཀར་འགྲན་ཚུགས་ཀྱི་བདམས་ཐོན་པས་མཐའ་མའི་གདོང་མཆོང་བྱེད་བཞིན་པ།
ཆུ་ཤུར་འགྲན་ཚུགས་ཀྱི་བདམས་ཐོན་པས་འགྲན་བསྡུར་བྱེད་བཞིན་པ།
      ཟླ་9ཚེས་11དང་ཚེས་12ཉིན། 2025ལོའི་ལྷ་ས་སྐོར་བའི་རྐང་འཁོར་འགྲན་བསྡུར་ཆེན་པོ་སྟེ། མལ་གྲོ་གུང་དཀར་འགྲན་ཚུགས་དང་ཆུ་ཤུར་འགྲན་ཚུགས་ཀྱི་འགྲན་བསྡུར་ཁག་སོ་སོ་མཇུག་འགྲིལ་བ་རེད། ཡན་ལག་འགྲན་ཚུགས་གཉིས་ཀྱི་འགྲན་བསྡུར་ནང་རྒྱལ་ཁབ་ཕྱི་ནང་གི་རྐང་འཁོར་ལུས་རྩལ་པ་མང་པོ་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་བདམས་ཐོན་པ་ཚོས་ཚ་ཚ་འུར་འུར་གྱི་འགྲན་བསྡུར་ཁྲོད་དུ་མལ་གྲོ་གུང་དཀར་རྫོང་དང་ཆུ་ཤུར་རྫོང་གི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱང་མྱོང་རོལ་ཐུབ་ཡོད།