དཔེ་ཀློག་གི་སྤྲོ་བ་རབ་ཏུ་འཕེལ།
སྤེལ་དུས 2025-11-26
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
འདི་ནི་བསམ་གྲུབ་རྩེ་ཆུས་སྐྱིད་འཕེལ་སྡེ་ཁུལ་དུ་དཔེ་དེབ་འོས་སྦྱོར་བྱེད་སྒོ་སྤེལ་བཞིན་པ།
འདི་ནི་སྐྱིད་འཕེལ་སྡེ་ཁུལ་གྱི་བྱིས་པས་དཔེ་དེབ་ནན་ཏན་ངང་ལྟ་བཞིན་པ།
དཔེ་ཀློག་ནི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ་དང་། རིག་གནས་དར་རྒྱས་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱིས་དཔེ་མཛོད་ཁང་དང་། སློབ་གྲྭ སྡེ་ཁུལ་སོགས་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ། གཉེར་སྐྱོང་བྱ་ཡུལ་སྣ་ཚོགས་གཏོད་པ་དང་། གསུང་རབ་དཔེ་ཀློག་ལ་ཁྲིད་སྟོན་བྱེད་པ། དཔེ་ཀློག་གི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། དཔེ་ཀློག་བྱེད་སྒོར་ལས་སྟེགས་བསྐྲུན་པ་དང་དམངས་ཡོངས་ཀྱི་དཔེ་ཀློག་ལ་ཆ་རྐྱེན་བསྐྲུན་ཏེ་དཔེ་ཀློག་ལ་དགའ་ཞེན་དང་། དཔེ་ཀློག་ལ་མཁས་པ། དཔེ་དེབ་ཡག་པོ་ཀློག་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།