ཧུའུ་པེ་ཡན་ཅི་ཡི་འབྲི་ཆུའི་ཟམ་ཆེན་སྦྲེལ་མཐུད་ཐུབ་པ།
སྤེལ་དུས 2025-11-26
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཟླ་11ཚེས་22ཉིན། འཛམ་གླིང་གི་ཟམ་རྟེན་དབར་བར་ཐག་རིང་ཤོས་ཡིན་པའི་འབྲེང་ཟམ་སྟེ། ཧུའུ་པེ་ཡན་ཅི་ཡི་འབྲི་ཆུའི་ཟམ་ཆེན་སྦྲེལ་མཐུད་ལམ་ལྷོངས་བྱུང་བ་དང་ཟམ་པ་དེས་ཧུའུ་པེ་ཨེ་ཀྲོའུ་གྲོང་ཁྱེར་དང་ཧོང་ཀང་གྲོང་ཁྱེར་དབར་གྱི་གཙང་པོ་འཕྲེད་དུ་བཅད་ཅིང་། ཟམ་རྟེན་གཉིས་དབར་གྱི་རིང་ཚད་སྨི་1860ཟིན་པ་དང་། སྟེང་དུ་འཁོར་ལམ་དྲུག་ཡོད་པའི་མྱུར་བགྲོད་གཞུང་ལམ་ཡིན་པ་དེར་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་100ཇུས་འགོད་བྱས་པ་དང་འོག་ཏུ་འཁོར་ལམ་བཞི་ཡོད་པའི་གྲོང་ཁྱེར་གྱི་མྱུར་བགྲོད་ལམ་བུ་ཡིན་པ་དེར་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་80ཇུས་འགོད་བྱས་ཡོད། ཡན་ཅི་ཡི་འབྲི་ཆུའི་ཟམ་ཆེན་བསྐྲུན་རྗེས་ས་ཁུལ་དབར་གྱི་འགྲིམ་འགྲུལ་སྦྲེལ་མཐུད་ལ་རམ་འདེགས་ཐུབ་སྟེ། ས་ཁོངས་ཀྱི་གཞུང་ལམ་དང་། ལྕགས་ལམ། ཆུ་ལམ། མཁའ་ལམ་བཅས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་སྒོ་ཚང་དུ་ཕྱིན་ནས། མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད་ཅིང་། འདི་ནི་ཡན་ཅི་ཡི་འབྲི་ཆུའི་ཟམ་ཆེན་ཡིན་པ།