མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ལམ་བཞི་མདོ་ཁར་སླེབས་སྐབས། གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཇི་ལྟར་གཏོང་དགོས་སམ། ཤིན་ཧྭ་གསར་འགྱུར་ཁང་རྒྱལ་ཁབ་རྩེར་སོན་ཇུས་འདོན་ཚོགས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་དུ་བྲིས་པའི་རིག་མཛོད་སྙན་ཞུ《ལག་གདང་སྦྲེལ་ནས་སྐྱེ་ཁམས་མཐུན་འཕྲོད་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད—ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཕུལ་བའི་རིགས་པའི་གཞུང་ལུགས་ཀྱི་ལེགས་སྐྱེས་དང་ལག་ལེན་གྱི་མཛུབ་ཁྲིད》ཅེས་པ་ཉེ་ཆར་རྒྱ་ཡིག་དང་དབྱིན་ཡིག་ཐོག་ནས་གོ་ལ་ཧྲིལ་པོར་ཡོངས་བསྒྲགས་བྱས་པ་རེད།
སྙན་ཞུའི་ནང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཐད་དཔྱད་གཞིར་འཛིན་པ་དང་ཚད་བརྒལ་གྱི་ནུས་པ་ཐོན་པ་གསལ་བཤད་གཏིང་ཟབ་བྱས་པ་དང་། གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་ཇུས་གཞི་དང་། ཀྲུང་གོའི་ཉམས་མྱོང་། ཀྲུང་གོའི་གྲོས་འགོ་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཏེ། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་མཉམ་སྐྲུན་དང་མཉམ་གཏོད་བྱ་རྒྱུར་རེ་འབོད་བྱས་ནས་འཛམ་གླིང་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ཏེ་སྐྱེ་ཁམས་མཐུན་འཕྲོད་དེང་རབས་ཅན་དུ་བསྐྱོད་རྒྱུར་བློ་སྒོ་ཕྱེ་ཡོད།
ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པས་མིའི་རིགས་ཀྱི་ཤེས་དཔལ་འཕེལ་འགྱུར་གྱི་ཆོས་ཉིད་དང་འཛམ་གླིང་གི་འཕེལ་རྒྱས་དང་འགྱུར་ལྡོག་གི་བཀོད་པ་ཁོང་དུ་ཟབ་མོ་ཆུད་པར་བྱས་ཏེ། གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བསམ་གཞིག་གཏིང་ཟབ་བྱས་ཡོད། དུས་རབས་གསར་པ་ནས་བཟུང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པའི་ཁྲིད་སྟོན་འོག ཀྲུང་གོས་འཕེལ་རྒྱས་དང་སྲུང་སྐྱོང་ཕན་ཚུན་གཅིག་ལ་གཅིག་རོགས་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་ཡོད།
ཀྲུང་གོས་ལྗང་མདོག་ལག་ལེན་ལ་བརྟེན་ནས་རང་ངོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱིས་སྣེ་ཁྲིད་བྱས་ཏེ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་བས་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་པོའི་སྤུས་ཚད་ལེགས་སུ་འགྲོ་ཚད་མགྱོགས་ཤོས་དང་གོ་ལ་ཧྲིལ་པོའི་ལྗང་མདོག་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཏེ། གོ་ལ་ཧྲིལ་པོའི་བསྐྱར་སྐྱེས་ནུས་རྒྱུ་ཆེ་ཤོས་དང་འཕེལ་རྒྱས་མགྱོགས་ཤོས་ཀྱི་མ་ལག་བཙུགས་ཐོག་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་འཕེལ་བར་བྱས་ཡོད།
ཀྲུང་གོས་ལྗང་མདོག་ལག་ལེན་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བ་ཡོད་པའི་ཕྱོགས་མང་སྤྱི་ཆིངས་སམ་ཡང་ན་གྲོས་ཆོད་ཡི་གེ་མང་པོ་ཞིག་ལ་ཆོག་མཆན་སྤྲད་པའམ་ཡང་ན་མིང་རྟགས་བཀོད་ནས་གཙོ་བདག་གིས་ཕྱི་འབྲེལ་གྱི་སྣེ་ཁྲིད་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ཕྱོགས་མང་པོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་ལ་སོགས་ཀྲུང་གོས་ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་དྲང་གཞག་ལུགས་མཐུན་དང་མཉམ་ལས་གཉིས་ཕན་གྱི་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་གི་བཀོད་པ་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད།
ཀྲུང་གོས་ལྗང་མདོག་ལག་ལེན་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་གོ་ལ་ཧྲིལ་པོར་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ལྗང་མདོག་གི“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ལྷོ་ལྷོ་མཉམ་ལས་གཏིང་ཟབ་ཏུ་བཏང་ཐོག་ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དགོས་མཁོར་དོ་ཁུར་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱིས་སྐྱེ་ཁམས་མཐུན་འཕྲོད་དེང་རབས་ཅན་དུ་འགྱུར་བར་ཀུན་ཕན་དང་ཁྱབ་ནུས་རང་བཞིན་གྱི་ཐབས་ལམ་དང་ཇུས་གཞི་མཁོ་འདོན་བྱས་པ་རེད།