ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཧོ་ནན་ལུའོ་དབྱང་གིས་ཕྱིར་གཏོང་མངགས་ཐོ་བཟོ་བར་བྲེལ་ནས་ལོ་ཧྲིལ་པོའི་ལས་མཇུག་ཡག་པོ་བསྡུ་བར་རམ་འདེགས་བྱེད་པ།

སྤེལ་དུས 2025-11-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
      དུས་ཚིགས་བཞི་པར་སླེབས་ཚུན། ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་ཅན་ཤིས་ཆུས་སུ་གནས་པའི་ཀྲུང་ཤིན་ལྕི་བའི་བཟོ་ལས་ཐོན་སྐྱེད་འཁོར་ཁང་དུ་འཕྲུལ་འཁོར་གྱི་འུར་སྒྲས་ཁེངས་ནས་དབོར་འདྲེན་གྱི་ལས་ལ་བྲེལ་བའི་རྣམ་པ་མངོན་ཞིང་། བཟོ་པ་ཚོས་ཐོན་སྐྱེད་སྒྲུབ་རིམ་དུ་ངར་ཤུགས་སྒྲིམ་བཞིན་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཕྱིར་གཏོང་གི་སོ་འཁོར་ཆེན་པོ་དང་སྦུག་གཟུགས་སོགས་གཏེར་སྤྱོད་ཐོན་རྫས་ཀྱི་མངགས་ཐོ་ཁག་གཅིག་བཟོ་བར་བྲེལ་ནས་ལོ་མཇུག་གི་མཐའ་མའི་གདོང་མཆོང་འགོ་བཙུགས་ཏེ། ལོ་ཧྲིལ་པོའི“མཇུག་བསྡུའི་དམག་འཐབ”ཡག་པོ་རྒྱག་པར་ཧུར་བརྩོན་ཆེན་པོ་བྱེད་བཞིན་ཡོད།