2025ལོའི་བོད་རང་སྐྱོང་ལྗོངས་ཀྱི་བྲག་འཛེག་ཡོངས་བསྒྲགས་འགྲན་བསྡུར་ལྷ་སར་བྱས་པ།
སྤེལ་དུས 2025-12-10
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
འདི་ནི་བདམས་ཐོན་པས་འགྲན་བསྡུར་བྱེད་བཞིན་པ།
ཉེ་ཆར། 2025ལོའི་བོད་རང་སྐྱོང་ལྗོངས་ཀྱི་བྲག་འཛེག་ཡོངས་བསྒྲགས་འགྲན་བསྡུར་ལྷ་ས་གྲོང་ཁྱེར་དོག་སྡེ་ལུང་ཤུར་ཀེའུ་ཚང་བྲག་ངོས་སུ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་འགྲན་བསྡུར་ཉིན་གཉིས་ཡིན་པ་དེར་ཆེད་ལས་ཚོགས་ཆུང་དང་། ཡོངས་བསྒྲགས་ཚོགས་ཆུང་། གཞོན་ནུ་ལོ་ཆུང་ཚོགས་ཆུང་བཅས་ཚོགས་ཆུང་ཁག་གསུམ་བཙུགས་པ་དང་། ལྗོངས་ཕྱི་ནང་ནས་ཡོང་བའི་བདམས་ཐོན་པ་70འགྲན་བསྡུར་ལ་ཞུགས་པ་ལས་ཆུང་ཤོས་ལོ་10དང་ཆེ་ཤོས་ལོ་45ཡིན།