ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལི་ཀན་ཅེ་ཡིས་པེ་ཅིང་དུ་པཎ་ཆེན་རིན་པོ་ཆེ་དང་མཇལ་འཕྲད་གནང་།

སྤེལ་དུས 2026-02-13 ཡོང་ཁུངས། ཁམས་པའི་བརྙན་འཕྲིན། རྩོམ་པ་པོ།


            ཟླ2པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་ཡིས་པེ་ཅིང་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་དང་མཇལ་འཕྲད་གནང་།

            ལི་ཀན་ཅེ་ཡིས་པཎ་ཆེན་རིན་པོ་ཆེ་དང་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣར་དཔྱིད་གསར་དུས་ཆེན་དང་བོད་ལུགས་ལོ་གསར་ལ་རྟེན་འབྲེལ་ཞུས་ཤིང་། པཎ་ཆེན་རིན་པོ་ཆེ་མཆོག་གིས་འདས་པའི་ལོ་གཅིག་རིང་གི་མཛད་པ་ཕྱག་ལས་ལ་གདེང་འཇོག་གང་ལེགས་གནང་བར་མ་ཟད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སློབ་སྦྱོང་ནན་ཏན་མཛད་ནས། དུས་ནམ་ཡང་བསམ་བློ་དང་ཆབ་སྲིད་བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་བཏང་ནས།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་ཧུར་ཐག་གིས་ཞུགས་ཏེ།  ཆོས་ལུགས་རྟོག་པ་དང་ཕྱོགས་ཡོངས་ཀྱི་བྱང་ཚད་མཐོར་འདེགས་ཡོང་བར་འབད་བརྩོན་གནང་སྟེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་མཛད་པའི་ཐད་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་པའི་ཐུགས་རེ་གནང་།

            པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་གཅིག་ཏུ་བརྩི་སྲུང་དང་། དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་གཅིག་གྱུར་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་ཞི་མཐུན། བོད་ལྗོངས་བརྟན་བརླིང་དང་འཕེལ་རྒྱས་ཡར་ཐོན་བཅས་ཡོང་བར་བྱས་རྗེས་སྔར་བས་ཆེན་པོ་འཇོག་རྒྱུ་ཡིན་ཞེས་གསུངས།

རྩོམ་སྒྲིག་པ། རིག་གྲོལ།