ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྟ་ཐོག་ནས་དཔའ་རྩལ་ངོམ་པ།

སྤེལ་དུས 2026-03-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

                སྲོལ་རྒྱུན་གྱི་རྟ་རྩལ་ངོམ་སྟོན་ནི་བོད་ཀྱི་དུས་སྟོན་སྣ་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པ་དང་། རྒྱ་ཆེའི་མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཟླ་3ཚེས་21ཉིན། མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་གིས་ཞིང་འབྲོག་པའི་རྟ་རྒྱུག་འགྲན་བསྡུར་སྤེལ་བ་དང་། བདེ་ལྕག་འཁྱུག་པའི་རྟ་པ་དང་འགྲོས་བཟང་རྟ་ཕོའི་དབར་གྱི་བང་རྩལ་ལ་ལྟད་མོ་བས་དགའ་འབོད་ཡང་ཡང་བྱས་ཏེ་སྐབས་རེ་ཧང་སངས་པའི་ཀི་སྒྲ་སྒྲོག་པ་དང་སྐབས་སྐབས་སུ་དགའ་བསུ་ཡང་ཡང་ཞུས་པ་རེད། དེ་འདྲའི་རྣམ་པའི་ཐོག་ནས་དུས་རབས་གསར་པའི་ཞིང་འབྲོག་མང་ཚོགས་ཀྱི་ངར་སེམས་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་གྱི་ཡོད། 


བདམས་ཐོན་པ་ཚོས་འགྲན་རྩོད་དྲག་པོ་བྱེད་བཞིན་པ།


རྩོམ་སྒྲིག་པ། རིག་གྲོལ།